R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 184
[A:184] གནས་པ་རབ་འབྱམས་པས་རྒོད་ཚང་རྣམ་འཕྲུལ་ཀུན་མཁྱེན་གྲུབ་མཆོག་དབང་པོ། དེ་ནས་རྒོད་ཕྲུག་རས་པའི་རྣམ་འཕྲུལ་ཕྲིན་ལས་རྒྱ་མཚོ། རྗེ་བཙུན་རས་ཆུང་གི་རྣམ་འཕྲུལ་དང་པོ་བཀའ་བརྒྱུད་སྒྲོན་མེ། རྒོད་ཕྲུག་དབོན་སྤྲུལ་བྱང་ཆུབ་གླིང་པ་གོང་མ་ཡོན་ཏན་རྒྱ་མཚོ་གཙང་སྨྱོན་རྣམ་འཕྲུལ་རྒྱལ་བ་འཛམ་གླིང་རྡོ་རྗེ། བཀའ་བརྒྱུད་སྒྲོན་མེའི་རྣམ་འཕྲུལ་རས་ཆུང་སྤྲུལ་སྐུ་གཉིས་པ་རིག་འཛིན་ངག་གི་དབང་པོ། ཡོན་ཏན་རྒྱ་མཚོའི་རྣམ་འཕྲུལ་རྒྱལ་བ་ཡེ་ཤེས་སྐལ་བཟང་། ངག་གི་དབང་པོའི་རྣམ་འཕྲུལ་རས་ཆུང་སྤྲུལ་སྐུ་གསུམ་པ་གྲུབ་མཆོག་དཔལ་ལྡན་རྒྱ་མཚོ། རྗེ་རས་ཆུང་པའི་ཉེ་གནས་རིན་ཆེན་གྲགས་པའི་རྣམ་འཕྲུལ་གངས་དགེའུ་པ་ངེས་དོན་བསྟན་འཛིན་ཆོས་ཀྱི་རྒྱ་མཚོ། དཔལ་ལྡན་རྒྱ་མཚོའི་རྣམ་འཕྲུལ་རས་ཆུང་སྤྲུལ་སྐུ་བཞི་པ་གྲུབ་མཆོག་མཐུ་སྟོབས་རྒྱ་མཚོ། འབྲོམ་སྟོན་རྣམ་འཕྲུལ་ཁ་རག་པ་རིན་ཆེན་འོད་ཟེར། དགེའུ་པའི་རྣམ་འཕྲུལ་རས་ཆུང་སྤྲུལ་སྐུ་ལྔ་པ་བཀའ་བརྒྱུད་ཕྲིན་ལས་དབང་ཕྱུག་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། དེ་གཉིས་ཀས་བདག་བློ་གཏེར་ལའོ༎ ་༎རས་ཆུང་སྙན་བརྒྱུད་ལུགས་ཀྱི་ཡུམ་བཀའ་ལྷན་ཅིག་སྐྱེས་མའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པའི་ཡིག་ཆ་དང་བརྒྱུད་པ་ནི་ཡབ་བཀའ་དང་འདྲའོ༎ ་༎གཉིས་པ་དྭགས་པོ་སྙན་བརྒྱུད་དམ་ཟུར་མང་སྙན་བརྒྱུད་དུ་གྲགས་པའི་དཔལ་འཁོར་ལོ་བདེ་མཆོག་ཡབ་བཀའ་ལྷ་བཅུ་པའི་དཀྱིལ་འཁོར་དུ་དྲུང་རྨ་སེ་བློ་གྲོས་རིན་ཆེན་དང་། མི་ཉག་པའི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། དྭགས་པོ་ཟླ་འོད་གཞོན་ནུ། དུས་གསུམ་