R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 205
[A:205] འབྲས་བུ་ཟུང་དུ་འཇུག་པ་དང་། རྗེས་སྟོན་ལས་དང་འདྲ་བར་འབྲས་བུ་ཡེ་ཤེས་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པ་ལ་ཡུ་མོ་ཁུག་ཏུ་ངོ་སྤྲོད་པ། ཐ་མ་འབྲས་བུའི་གོ་འཕང་ཐོབ་ཚུལ་བཅས་དམིགས་རྐང་དུ་བཅད་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། འཕགས་པ་ཀླུ་སྒྲུབ། ཨཱཪྻ་དེ་ཝ། གཉིས་ཀས་མ་ཏངྒི་པ། ཏཻ་ལོ་པ། ནཱ་རོ་པ། མཻ་ཏྲི་པ་ཆེན་པོ། མཚུར་སྟོན་དབང་རྡོར། འཁོན་སྟོན་གད་པ་ཀཱིརྟི། བསོད་ནམས་རིན་ཆེན། ཐུར་ལ་བ་ཚུལ་ཁྲིམས་སྐྱབས། ཐར་རྩེ་བ་འཕགས་པ་སྐྱབས་གསེར་སྡིང་པ་གཞོན་ནུ་འོད། དགེ་སྡིང་པ་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་རིན་ཆེན་གྲུབ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རིན་ཆེན་རྣམ་རྒྱལ། འཇམ་དབྱངས་བདུན་པ་ཐེག་ཆེན་ཆོས་རྗེ། རིན་ཆེན་ཚུལ་ཁྲིམས། འཁྲུལ་ཞིག་ཆོས་རྗེ། སྐུ་ཞང་ཆོས་རྗེ། རྡོ་རིང་ཀུན་སྤངས་པ། ཚར་ཆེན་བློ་གསལ་རྒྱ་མཚོ། མཁྱེན་བརྩེའི་དབང་ཕྱུག་བཀྲ་ཤིས་རྒྱལ་མཚན། འཕགས་མཆོག་སྐལ་བཟང་། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་གྲུབ། བསོད་ནམས་རྒྱ་མཚོ། རིན་ཆེན་ཆོས་དར། བྱམས་པ་རྒྱལ་པོ། ལྕེ་བཙུན་ཆོས་རྗེ། རིན་ཆེན་དཔལ་འབྱོར། བློ་གསལ་བསྟན་སྐྱོང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྗེ་ངག་དབང་ཡོན་ཏན་རྒྱ་མཚོ། དེ་གཉིས་ཀས་བདག་བློ་གཏེར་ལའོ། །ཡང་རྗེ་གྲོལ་མཆོག་གི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། བུ་སྟོན་ཡན་གོང་ལྟར་ལ། དེ་ནས་ཁྱུང་ལྷས་པ། ངོར་ཆེན། ཤཱཀྱ་མཆོག་མན་འོག་འཇམ་རྡོར་ལྟར་རོ༎ ་༎གྲུབ་པའི་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ལེགས་པར་བཀྲལ་བའི་དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་རྫོགས་རིམ་གྲོལ་བའི་ཐིག་ལེའི་ཉམས་ཁྲིད་རྗེ་གྲོལ་