R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 206
[A:206] མཆོག་གི་ཡིག་སྟེང་ནས་སྔོན་འགྲོ་གསུམ་གྱིས་རྒྱུད་སྦྱངས། བསྐྱེད་རིམ་སེམས་འཛིན་པ། རྫོགས་རིམ་སྦྱོར་བཞིའི་ལྟ་བས་སྤྲོས་པ་གཅད་པ། དངོས་གཞི་ཕྲ་ཐིག་གཉིས་པོ་བོགས་འདོན་དང་བཅས་པ། རྗེས་སོར་སྡུད། རེས་འཇོག་རྡོ་རྗེ་སྒྲུབ་པ་སོགས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ངོར་ཆེན་ཡན་དབང་གི་སྐབས་ཀྱི་ས་ལུགས་བརྒྱུད་པ་ལྟར་ལ། དེ་ནས་རྒྱལ་ཚབ། ཤཱཀྱ་མཆོག་ལྡན། བྲག་དམར་བ། རབ་གསལ་ཟླ་བ། ཀུན་དགའ་གྲོལ་མཆོག་བྲག་སྟོད་པ་ལྷ་དབང་གྲགས་པ། རྗེ་སྒྲོལ་བའི་མགོན་པོ། ཇོ་ནང་རྗེ་བཙུན་མ་ཕྲིན་ལས་དཔལ་མོ། ཆོས་རྗེ་རིན་ཆེན་རྒྱ་མཚོ། རྡོར་འཛིན་སྙིང་པོ་མཐའ་ཡས། བརྩེ་ཆེན་ཀུན་བཟང་དབང་་་་་་སླང་དཀར་བླ་མ། པོ། ཀཿཐོག་ཚེ་དབང་ནོར་བུ། རྗེ་བཙུན་ངག་དབང་རྣམ་་་་་་སླང་དཀར། རྒྱལ། གྲུབ་བརྙེས་ཀུན་བཟང་ཆོས་འབྱོར། སློབ་དཔོན་བློ་བཟང་མཐུ་སྟོབས། ལྕགས་ཟམ་ཉི་མ་ཆོས་འཕེལ། མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་། ཀུན་གཟིགས་མཁྱེན་བརྩེའི་དབང་པོ། ངག་དབང་ཡོན་ཏན་རྒྱ་མཚོ། དེ་གཉིས་ཀས་བདག་བློ་གཏེར་ལའོ༎ ་༎རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པས་ལེགས་པར་བཀྲལ་བའི་གཤེད་དམར་ལྷ་ལྔའི་སྤྲོས་མེད་ཀྱི་ཉམས་ཁྲིད་མཁྱེན་བརྩེའི་རྣམ་བཤད་དང་། ཁྲིད་ཡིག་ཉམས་རྟོགས་པད་དཀར་བཞད་པའི་ཉི་མ། ཐར་རྩེ་མཁན་ཆེན་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་འཆད་ཐབས། རྣམ་བཤད། ཁོག་ཕུབ། ཟིན་ཐུན་བཅས་པའི་སྟེང་ནས་བསྒྲུབ་བཞི་གཤིན་རྗེའི་གཤེད་ངོས་གཟུང་བ་དང་། སྒྲུབ་བྱེད་ལམ་གྱི་རིམ་པ་གཉིས། གཉིས་པ་ལ། སྐྱབས་སེམས། བླ་མའི་རྣལ་འབྱོར། བསྐྱེད་རིམ་སེམས་འཛིན། རྫོགས་རིམ་ཤིན་ཏུ་སྤྲོས་མེད། རྣམ་རྟོག་འོད་གསལ། བསྐྱེད་རིམ་གྱི་ཐབས་དྲུག་བར་ཆད་བསལ་བ་དང་བཅས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་