[A:207]
གཤིན་རྗེའི་གཤེད། རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པ། ཌོམྦི་ཧེ་རུ་ཀ་པི་ར་ཊི་པ། བྲམ་ཟེ་དཔལ་འཛིན། བློ་བཟང་སྙིང་པོ། པཎྜི་ཏ་དཱརྤན་ཨཱ་ཙཱཪྻ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། བླ་མ་ས་པ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ་བུ་སྟོན་རིན་ཆེན་གྲུབ། བླ་མ་བསོད་ནམས་རྒྱལ་མཚན། ཇོ་ནང་ཕྱོགས་ལས་རྣམ་རྒྱལ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། མཁྱེན་རབ་ཆོས་རྗེ། ཤཱཀྱ་དོན་གྲུབ། ཀུན་དགའ་ལེགས་གྲུབ། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་རྡོ་རྗེ་འཆང་། ས་ཆེན་ཀུན་བློ། རི་ཁུག་སྤྲུལ་སྐུ་ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ངག་དབང་ཡོན་ཏན་རྒྱ་མཚོ། དེ་གཉིས་ཀས་བདག་བློ་གཏེར་ལའོ། །རྗེ་གྲོལ་མཆོག་གི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ལོ་ཙཱ་བ་མཆོག་ལྡན་ཡན་གོང་ལྟར་ལ། དེ་ནས་བག་སྟོན་ཚུལ་རྒྱམ། གྲུབ་པ་ཤེས་རབ། ཤེར་རྒྱལ། རྭ་སྟོན་རྗེ། སྦས་པའི་སངས་རྒྱས། གྲོལ་མཆོག་མན་གོང་འཇམ་རྡོར་ལྟར་རོ༎ ་༎གྲུབ་ཆེན་ལ་ལི་ཏ་བཛྲས་ལེགས་པར་བཀྲལ་ཏེ་སྐྱོ་འོད་འབྱུང་སོགས་ལ་བཀའ་བབས་པའི་དཔལ་རྡོ་རྗེ་འཇིགས་བྱེད་སྐྱོ་ལུགས་རྭ་རྩེ་སེམས་འཛིན་གྱི་ཉམས་ཁྲིད་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱི་ཡིག་སྟེང་ནས་རྣམ་བཤད་ཟིན་ཐུན་དང་། ཁྲིད་དངོས་ལ་སྐུ་རྡོ་རྗེ་སྒྲུབ་པར་བྱེད་པ་རྭ་རྩེ་སེམས་འཛིན། བརྟན་པར་བྱེད་པ་མཚན་མོའི་རྣལ་འབྱོར། གསུང་རྡོ་རྗེ་སྒྲུབ་པར་བྱེད་པ་རྡོ་རྗེའི་བཟླས་པ། བརྟན་པར་བྱེད་པ་འབར་འཛག་ཐིག་ལེའི་རྣལ་འབྱོར། ཐུགས་རྡོ་རྗེ་