R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 208
[A:208] སྒྲུབ་པར་བྱེད་པ་མཚན་མ་གྱེན་བསྒྲེང་། བརྟན་པར་བྱེད་པ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། རོལ་པའི་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཨ་མོ་གྷ་བཛྲ། ་་་་ཆེ་ཆུང་གཉིས། དོན་ཡོད་རྡོ་རྗེ། སྐྱོ་འོད་འབྱུང་ཞབས། དེའི་སྲས་སྐྱོ་འཇམ་མེ་དང་། སྐྱོ་སད་དེ་གཉིས། འཇམ་མེའི་སྲས་སྐྱོ་ཁམས་པ། གཉན་རིན་ཆེན་བསྟན་པ། གཉན་འོད་སྲུང་མགོན་པོ། གཉན་སྟོན་ཆོས་ཀྱི་རྒྱལ་པོ། འཛིམ་པ་རིན་ཆེན་ཤེས་རབ། སེམས་དཔའ་ཐུགས་རྗེ་རིན་ཆེན། ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན། ཆ་གན་པ་གྲགས་པ་འོད་ཟེར། ཀློག་སྐྱ་གྲགས་ཆེན། ཀུན་མཁྱེན་གད་པ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན། གློ་བོ་མཁན་ཆེན་ལེགས་འབྱུང་ཞབས། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། ཤར་ཆེན་ཀུན་དགའ་བཀྲ་ཤིས། ཤེས་རབ་འབྱུང་གནས། དམ་ཆོས་བསམ་འགྲུབ། སངས་རྒྱས་ཕུན་ཚོགས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཆབ་མདོ་བསོད་ནམས་དབང་ཕྱུག་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། སངས་རྒྱས་ལྷུན་གྲུབ། ངག་དབང་བཟང་པོ། དཔལ་ལྡན་ཕྲིན་ལས། ཤར་བླ་ཀུན་དགའ་དཔལ་ལྡན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ། །ཡང་ན། སངས་རྒྱས་ཕུན་ཚོགས་ནས། ཀུན་དགའ་བསྟན་འཛིན། སངས་རྒྱས་དཔལ་བཟང་། སངས་རྒྱས་ལྷུན་གྲུབ། ཤེས་རབ་ཆོས་བཟང་། དཔལ་ལྡན་ཕྲིན་ལས། རྗེ་བཙུན་མདོ་ཁམས་པ། ངག་དབང་ལེགས་གྲུབ། བསྟན་པ་རབ་རྒྱས། བསྟན་པའི་རྒྱལ་མཚན། རྗེ་བློ་གྲོས་ཆོས་འཕེལ། དེས་སོ། །ཡང་ན། གྲོལ་མཆོག་གི་ཡིག་