[A:209]
སྟེང་ནས་ངག་དབང་ཡོན་ཏན་རྒྱ་མཚོས་སྩལ་བའི་བརྒྱུད་པ་ནི། གུ་གེ་པཎ་ཆེན་ཡན་གོང་ལྟར་ལ། དེ་མན་འཇམ་རྡོར་ལྟར་རོ༎ ་༎རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རོལ་པའི་རྡོ་རྗེས་ཡེ་ཤེས་ཀྱི་ཌཱ་ཀི་རོ་ལངས་མ་ལས་དངོས་སུ་གསན་པའི་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་གི་མན་ངག་ཟབ་མོ། འཕགས་ཡུལ་པཎ་གྲུབ་རྒྱ་མཚོའི་ཐུགས་དམ་གྱི་སྙིང་པོར་གྱུར་པ། བལ་ཡུལ་ཡེ་རོང་དཱི་པཾ་ཀ་རས་རྭ་ཆེན་རྡོ་རྗེ་གྲགས་པ་ལ་ཆིག་བརྒྱུད་དུ་སྩལ་བའི་དཔལ་རྡོ་རྗེའི་འཇིགས་བྱེད་རྭ་ཁྲིད་མཁའ་འགྲོའི་སྙན་བརྒྱུད་ཀྱི་ཉམས་ཁྲིད་ངག་དབང་ཆོས་གྲགས་ཀྱི་རྣམ་བཤད། མཁྱེན་བརྩེའི་ཁྲིད་ཡིག་།ཀུན་དགའ་བསོད་ནམས་ཀྱི་ཆོས་འབྱུང་ཁོག་ཕུབ་ཏུ་བཏད་ནས་རྣམ་བཤད་ཟིན་ཐུན་དང་། ཁྲིད་དངོས་ལ་སྔོན་འགྲོ་རྣམས་དང་། དངོས་གཞིའི་བསྐྱེད་རིམ་ལ་སྤྱི་བྱེ་བྲག་ལ་སེམས་འཛིན་པ་ཕྱིའི་རྣལ་འབྱོར། ནང་དུ་གནས་ལྔའི་རྡོ་རྗེ་འཇིགས་བྱེད་སོགས་ལ་སེམས་འཛིན་པ་ནང་གི་རྣལ་འབྱོར། ལྷ་སྐུ་གསལ་སྟོང་བདེ་ཆེན་དུ་བསྒྲུབ་པའི་ཕྱིར་རྭ་རྩེའི་རྣལ་འབྱོར་ཕྱི་ནང་གཉིས་དང་སྦྱང་གཞི་སྦྱོང་བྱེད། རྫོགས་རིམ་ལ་གསང་དབང་། ཤེར་དབང་། བཞི་པའི་ལམ་གསུམ་ལས། དང་པོ་ལུས་གནད་འཁྲུལ་འཁོར། ངག་གནད་རྡོར་བཟླས། ཡིད་གནད་རླུང་ལྔའི་ཏིང་འཛིན། ལུས་རྩ་གྲོལ་བའི་ཐབས། གཏུམ་མོ་ཡེ་ཤེས་ཀྱིས་བདུད་རྩི་འབེབས་ཐབས། ཤེར་དབང་ལ་ཕྱག་རྒྱ་དངོས་དང་ཡེ་ཤེས་གཉིས། དབང་བཞི་པ་སྤྲོས་བྲལ་དེ་ཁོ་ན་ཉིད། རྗེས་བརྟན་ཞིང་བོགས་དབྱུང་བ། སྤྱོད་པ་གསུམ་དང་ལམ་གྱི་འབྲས་བུ་མངོན་དུ་གྱུར་པའི་འབྲས་བུ་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རོ་ལངས་མ། གྲུབ་ཆེན་ལ་ལི་ཏ་བཛྲ།