[A:213]
པའི་བརྒྱུད་པ་ནི། ངོར་ཆེན་ཡན་གོང་དབང་གི་སྐབས་ཀྱི་བརྒྱུད་པ་ལྟར་ལ། དེ་ནས་གུ་གེ་པཎྜི་ཏ། གྲོལ་མཆོག་མན་གོང་གི་གསང་འདུས་འཇམ་རྡོར་ཁྲིད་བརྒྱུད་བཞིན་ནོ༎ ་༎གྲུབ་པའི་སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་ཞབས་ཀྱིས་ལེགས་པར་བཀྲལ་བའི་དཔལ་འཁོར་ལོ་བདེ་མཆོག་གི་གྲོལ་བྱེད་རིམ་པ་ལྔའི་ཉམས་ཁྲིད་རྗེ་ངག་དབང་ལེགས་གྲུབ་ཀྱི་ཡིག་སྟེང་ནས་ལན་གཅིག་དང་། ཐར་རྩེ་མཁན་ཆེན་གྱི་རྣམ་བཤད། ཁྲིད་ཡིག་།འཆད་ཐབས་བཅས་ཀྱི་སྟེང་ནས་ལན་གཅིག་ནོས་པའི་ཚུལ་ལ། ས་བོན་དང་བཅས་པ་དང་། རྣམ་པ་སྣ་ཚོགས་པ་དང་། ས་བོན་མེད་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་དང་། ནོར་བུ་འགེངས་པའི་རིམ་པ་ལ་དམ་ཚིག་གི་ཕྱག་རྒྱ། ལག་བརྡའི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་དང་། ཛཱ་ལནྡྷ་རའི་འཁོར་ལོ་སོ་སོར་སྤོ་བའི་རིམ་པ་དང་། བསམ་གྱིས་མི་ཁྱབ་པའི་རིམ་པ། དེ་ཁོ་ན་ཉིད་ལ་བློ་གཞག་ཚུལ་སོགས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་དྲིལ་བུ་པ། གང་བའི་ལྷ། ཁ་ཆེ་པཎྜི་ཏ། སེང་གེ་དཔལ། ཞང་སྟོན་ཕྱར་བུ་བ། བྱང་སེམས་འབྲི་ལུང་པ། ཁྲོ་ཕུ་ལོ་ཙཱ་བ། རིན་ཆེན་སེང་གེ་།རིན་ཆེན་གྲུབ། ཁྱུང་ལྷས་པ། ཤར་ཆེན་ཡེ་རྒྱམ། ངོར་ཆེན་རྡོ་རྗེ་འཆང་། གུ་གེ་པཎ་ཆེན། གློ་བོ་མཁན་ཆེན་ལེགས་འབྱུང་། རྗེ་གྲོལ་མཆོག་ལུང་རིག་རྒྱ་མཚོ། ཏཱ་ར་ནཱ་ཐ། རིན་ཆེན་རྒྱ་མཚོ། ཛྙཱ་ན་སཱ་ག་ར། སི་ཏུ་ཆོས་འབྱུང་། ཀརྨ་འགྱུར་མེད། ཟུར་མང་བླ་མ་ནོར་བུ། བསྟན་འཛིན་ཕུན་ཚོགས། ངག་དབང་བཟང་པོ། ངག་དབང་ལེགས་གྲུབ། ཀུན་དགའ་དཔལ་འབྱོར། རྡོ་རྗེ་འཆང་མཐུ་ཆེན་འཇམ་དཔལ་བསྟན་འཛིན། དེས་བདག་བློ་གཏེར་ལའོ། །ཡང་ན། ཁྱུང་ལྷས་པ་ཡན་གོང་ལྟར་ལ། དེ་ནས་ནོར་བཟང་རིན་ཆེན། རིན་ཆེན་རྒྱལ་