[A:214]
མཚན། མཁྱེན་རབ་མཆོག་གྲུབ། རིག་འཛིན་གྲུབ་པའི་རྒྱལ་པོ། བྲོ་ལུང་པ། བྱང་གླིང་རྗེ། དཔལ་ལྡན་ཆོས་བཟང་། རིན་ཆེན་རྒྱ་མཚོ། ཞྭ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ། ཀུན་དགའ་བསོད་ནམས། གྲུབ་མཆོག་སངས་རྒྱས་བསྟན་པ། བྱམས་པ་བཟང་པོ། བྱམས་པ་རབ་བརྟན། སངས་རྒྱས་དཔལ་བཟང་། འཇམ་དཔལ་ཆོས་མཆོག་རིན་ཆེན་དོན་གྲུབ། རིན་ཆེན་སྐལ་བཟང་། བླ་མ་དཔལ་འབྱོར་ཞབས། བློ་གསལ་བསྟན་སྐྱོང་། ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། རྗེ་དབོན་འཇམ་དཔལ་རྒྱ་མཚོ། མཆོག་སྤྲུལ་སྙན་གྲགས་བསྟན་པའི་དབང་ཕྱུག་དེས་བདག་ལའོ༎ ་༎རྗེ་བཙུན་ས་སྐྱ་པ་ཆེན་པོའི་ལྕགས་རིའི་ཁོངས་ལས་མི་འདའ་བའི་གསེར་ཆོས་བཅུ་གསུམ་གྱི་ཡ་གྱལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་ཉམས་ཁྲིད་མཁྱེན་བརྩེའི་ཁྲིད་ཡིག་ལ་ཞལ་ཤེས་རྣམས་ཀྱིས་བརྒྱན་པ་དང་། ས་ཆེན་ཀུན་བློའི་འཆད་ཐབས་བཅས་ཀྱི་ཡིག་སྟེང་ནས་རྣལ་འབྱོར་བཅུ་གཅིག་གིས་ཁོག་ཕུབ་སྟེ་བསྐྱེད་རིམ་སེམས་འཛིན་དང་བཅས་པ་དང་། རྫོགས་རིམ་ལའང་ཆོས་ཉིད་དངོས་སུ་བརྟན་པ་དང་། ཆོས་ཉིད་རྒྱུད་ནས་བརྟན་པ་གཉིས་ཀྱི་ཕྱི་མ་ལའང་། གཞི་ཆོས་ཅན་འཁོར་བའི་གནད། ལམ་ཇི་ལྟར་བསྒོམ་པའི་གནད། འབྲས་བུ་མཐར་ཐུག་སངས་རྒྱས་ཀྱི་སའི་གནད་ཀྱི་སྐོར་རྣམས་དང་། མཐར་བསམ་གྱིས་མི་ཁྱབ་ཐུན་མོང་མ་ཡིན་པ་སོགས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། གོང་སྔགས་འཆང་སངས་རྒྱས་རིན་ཆེན་བཞུགས་པའི་བྱིན་རླབས་ཀྱི་བརྒྱུད་པ་ཇི་ལྟ་བ་བཞིན་ནོ༎ ་༎བལ་པོ་ཡི་རོང་པཎྜི་ཏ་སྐལ་ལྡན་བཟང་པོ་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་སྩལ་བའི་དཔལ་འཁོར་ལོ་བདེ་མཆོག་བོང་བུའི་ཞལ་ཅན་གྱི་ཉམས་ཁྲིད་རྡོ་རྗེ་འཆང་