[A:217]
འབྱུང་དང་ལུགས་ལྡོག་ཏུ་ཉམས་སུ་བླང་བ། ཞར་བྱུང་ལྟ་བ་སོགས་ལྔ། དབང་བཞི་པའི་ལམ་ཁམས་འདུས་པ་ཐ་མ་རྦ་རླབས་གསུམ། ཞར་བྱུང་ལྟ་བ་སོགས་ལྔ། མཐར་ཐུག་སྐུ་ལྔ་ཡེ་ཤེས་ལྔར་ལྷུན་གྲུབ་ཀྱི་ཁྲིད་སོགས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། གོང་ཀྱེ་རྡོར་མན་ངག་ལུགས་ཀྱི་ཚར་ལུགས་དབང་བརྒྱུད་ལྟར་རོ༎ ་༎དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དག་པ་གསུམ་གྱི་ཁྲིད་འགྲོ་མགོན་འཕགས་པ་རིན་པོ་ཆེ་དང་། རྗེ་གྲོལ་མཆོག་ཞབས་ཀྱི་ཡིག་སྟེང་ནས་སྔོན་འགྲོ་རྣམས་དང་། དངོས་གཞི་དེ་བཞིན་ཉིད་ཀྱི་དག་པ། ལྷ་སོ་སོའི་དག་པ། རང་རིག་པའི་དག་པ་སོགས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། ཌོམྦི་པ། ངོ་མཚར་རྡོ་རྗེ། ནགས་ཁྲོད་པ། གརྦྷ་རི། བསོད་སྙོམས་པ། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི། སེ་མཁར་ཆུ་བ། ཞང་དགོན་པ་བ། ས་ཆེན། བསོད་རྩེ། གྲགས་རྒྱལ། ས་པཎ། ཆོས་འཕགས། དགའ་ལྡན་པ། བྲག་ཕུག་པ། བློ་གྲོས་བརྟན་པ། དཔལ་ཚུལ་བ། ཤར་ཆེན། ངོར་ཆེན། གུ་གེ་པཎྜི་ཏ་མན་གྲོལ་མཆོག་ཁྲིད་བརྒྱ་སྤྱི་ལྟར་ལ། རྗེ་མཁྱེན་བརྩེའི་ཞབས་དང་། འཇམ་མགོན་ཡོན་ཏན་རྒྱ་མཚོ་གཉིས་ཀ་ལས་བདག་བློ་གཏེར་གྱིས་ནོས་སོ༎ ་༎དཔལ་ཡང་དག་པར་སྦྱོར་བའི་རང་བྱིན་བརླབས་ཀྱི་དམིགས་པ་ཉི་ཤུ་རྩ་དགུའི་ཟབ་ཁྲིད་གསུང་ངག་རིན་པོ་ཆེའི་པོད་དམར་ལས་བྱུང་བའི་ཡིག་ཆ་དང་། རྗེ་གྲོལ་མཆོག་གི་ཁྲིད་བརྒྱའི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ས་པཎ་ཡན་གོང་དག་པ་གསུམ་གྱི་ཁྲིད་བརྒྱུད་ལྟར་ལ། དེ་ནས་ཚོགས་སྒོམ་པ། གཉགས་སྙིང་པོ་རྒྱལ་མཚན། བསོད་ནམས་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན།