R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 216
[A:216] དང་པོའི་སངས་རྒྱས་མཁྱེན་བརྩེའི་དབང་པོ། དེ་གཉིས་ཀས་བདག་བློ་གཏེར་ལའོ༎ ་༎དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་སྙིང་པོ། འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པ་ལ་རྗེ་བཙུན་རྡོ་རྗེ་བདག་མེད་ནས་དངོས་སུ་སྩལ་བའི་གདམས་ངག་སྙན་བརྒྱུད་ཚད་མ་བཞི་དང་ལྡན་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁྲིད་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆ་རྣམས་ཀྱི་སྟེང་ནས་ཁོག་ཕུབ་ཟིན་ཐུན་དང་། གཞུང་ཇི་ལྟ་བ་བཞིན་བཀྲི་བའི་ཁྲིད་ཀྱི་སྔོན་འགྲོ་སྣང་བ་གསུམ་དང་། དངོས་གཞི་རྒྱུད་གསུམ་གྱི་སྒོ་ནས་བཀྲི་བ་ལ་ཀུན་གཞི་རྒྱུའི་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བསྒོམ་པའི་ཁྲིད་ཀྱི་ནང་གསེས་ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱིས་མདོར་བསྟན། ཉམས་སུ་བླང་བའི་གནས་གསུམ་གྱིས་རྒྱས་པར་བཤད། རྒྱུད་གསུམ་གྱིས་ཤིན་ཏུ་རྒྱས་པར་བཤད་པ་ལ། ངེས་འབྱུང་བསྐྱེད་པ་མ་དག་སྣང་བའི་ཁྲིད། ལྷག་བསམ་བསྐྱེད་པ་ཉམས་ཀྱི་སྣང་བའི་ཁྲིད། སྤྲོ་བ་བསྐྱེད་པ་དག་པའི་སྣང་བའི་ཁྲིད་ཀྱིས་རྒྱུད་སྦྱངས་ནས་རིག་ཐོག་ཏུ་བརྡར་ཤ་གཅད། དེ་དག་གི་སྐབས་སུ་དམ་ཚིག་རྣམ་བཤད་གཏད། ལུས་ཐབས་རྒྱུད་ལ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་བསྒོམ་པ་ལ། དང་པོ་བུམ་དབང་ལ་རྣམ་བཤད་ཟིན་ཐུན་དང་། ཕྱི་ནང་གི་བསྐྱེད་རིམ་སེམས་འཛིན་དང་བཅས་པ། ཞར་བྱུང་ལྟ་བ། གྲུབ་མཐའ། འདའ་ཁ་མ། བར་དོ། འབྲས་བུ། གསང་དབང་གི་ལམ་བདག་བྱིན་བརླབས། ཁམས་འདུས་པ་དང་པོ་རླུང་སྦྱོར་བདུན་དང་། གཏུམ་མོའི་དམིགས་སྐོར་ཉེར་དགུ་དྲོད་རྟགས། ཞར་བྱུང་ལྟ་བ་སོགས་ལྔ། ཤེར་དབང་གི་ལམ་ཁམས་འདུས་པ་བར་མ་དཀྱིལ་འཁོར་གྱི་འཁོར་ལོ་འདོད་པའི་ལྕགས་ཀྱུ། དགའ་བཞི་ལུགས་