[A:218]
དཔལ་རྡོར་བ། དཔལ་ལྡན་ཚུལ་ཁྲིམས་མན་གྲོལ་མཆོག་ཁྲིད་བརྒྱ་སྤྱི་ལྟར་ལས། རྗེ་མཁྱེན་བརྩེའི་ཞབས་དང་། ངག་དབང་ཡོན་ཏན་རྒྱ་མཚོ། དེ་གཉིས་ཀས་བདག་བློ་གཏེར་ལའོ༎ ་༎མཉམ་མེད་ཇོ་བོ་ཆེན་པོས་བཀྲལ་བའི་དགེ་བཤེས་བཀའ་གདམས་པ་རྣམས་ཀྱི་གསང་ཆོས་ཐིག་ལེ་བཅུ་དྲུག་གི་གདམས་པའི་ཉམས་ཁྲིད་རྗེ་མཁྱེན་བརྩེའི་ཡིག་སྟེང་ནས་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་དང་། སྐྱེས་བུ་གསུམ་གྱི་ལམ་རིམ། དངོས་གཞི་ལ་བླ་མ་རྗེས་དྲན། འགྲོ་ཀུན་ཕ་མ་རྗེས་དྲན། གནས་ལུགས་རྟོང་པ་རྗེས་དྲན། རང་ལུས་ལྷ་སྐུ་རྗེས་དྲན། ངག་སྔགས་ཀྱི་རྫེས་དྲན། རྡོར་བཟླས་སོགས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ལྔ་པ་རིན་པོ་ཆེ་ཡན་ཆད་དབང་བརྒྱུད་ལྟར་ལ། དེ་ནས་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ། ཕུར་བུ་ལྕོག་ངག་དབང་བྱམས་པ། ཡོངས་འཛིན་པཎྜི་ཏ་ཡེ་ཤེས་རྒྱལ་མཚན། གུང་ཐང་འཇམ་པའི་དབྱངས། །དཀོན་མཆོག་བསྟན་པ་རབ་རྒྱས། ཡོངས་ཀྱི་དགེ་བའི་བཤེས་གཉེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྗེ་ངག་དབང་ཡོན་ཏན་རྒྱ་མཚོ། དེ་གཉིས་ཀས་བདག་བློ་གཏེར་ལའོ། །ཡང་ཁྲིད་བརྒྱའི་བརྒྱུད་པ་ལྟར་ན། རྗེ་བློ་གྲོས་མཐའ་ཡས། དེས་སོ༎ ་༎གངས་ཅན་བསྟན་པའི་མངའ་བདག་རྫེ་བཙུན་ས་སྐྱ་པའི་བསྟན་སྲུང་ཀུན་གྱི་གཙོ་བོ་རྡོ་རྗེ་གུར་ལ་ཕྱི་ནང་གསང་བའི་ཁྲིད་ཚུལ་མང་དུ་བཞུགས་པ་ལས། ཕྱི་སྲུང་བའི་འཁོར་ལོ་རྡོ་རྗེ་བྲག་རྫོང་མའི་ཉམས་ཁྲིད་མཁྱེན་བརྩེའི་ཁྲིད་ཡིག་།རྡོ་རིང་པའི་ཞལ་ཤེས། ཞྭ་ལུ་མཁན་ཆེན་གྱི་འཆད་ཐབས་བཅས་ཀྱི་སྟེང་ནས། ཐོག་མར་ཁྲོ་བཅུའི་རྗེས་གནང་གིས་སྣོད་རུང་དུ་བྱས་ཤིང་། ཁྲིད་དངོས་ལ་སྔོན་འགྲོ་ཐུན་མོང་དང་ཐུན་མིན། དངོས་གཞི་སྲུང་བ། བཟློག་པ། གསད་པ། མནན་པ་བཅས་མ་ཚང་བ་མེད་པ་ལེགས་