[A:219]
པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤྲཱདྡྷཱ་ཀ་ར་ཝརྨ། རིན་ཆེན་བཟང་པོ། ཡོན་ཏན་ཚུལ་ཁྲིམས། བློ་གྲོས་གྲགས་པ། བརྩེ་ཆེན་ཀུན་སྙིང་། སློབ་དཔོན་བསོད་རྩེ། རྗེ་བཙུན་གྲགས་རྒྱལ། ཆོས་རྗེ་ས་པཎ། འགྲོ་མགོན་ཆོས་འཕགས། མཐུ་ཆེན་ཨ་གཉན། བདག་ཉིད་ཆེན་པོ། ནམ་མཁའ་ལེགས་པ། བླ་མ་དམ་པ། ཀུན་དགའ་རྒྱལ་མཚན། ནམ་མཁའ་རྒྱལ་མཚན། བློ་གྲོས་རྒྱལ་མཚན། ཀུན་སྤངས་ཆེན་པོ། བློ་གསལ་རྒྱ་མཚོ། མཁྱེན་བརྩེའི་དབང་ཕྱུག་བསླབ་གསུམ་རྒྱལ་མཚན། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། བསོད་ནམས་མཆོག་གྲུབ། ངག་དབང་ལྷུན་གྲུབ། ཀུན་དགའ་ལྷུན་གྲུབ། སངས་རྒྱས་རྒྱ་མཚོ། ཀུན་དགའ་ལེགས་འབྱུང་། ཀུན་དགའ་བློ་གྲོས། ཡར་ཀླུང་ནམ་ལེགས། བཀྲ་ཤིས་དབང་ཕྱུག་ངག་དབང་ཆོས་འབྱོར། བསྟན་འཛིན་ཆོས་དཔལ། ཀུན་དགའ་བཀྲ་ཤིས། ཀུན་དགའ་བསམ་གཏན། རིན་ཆེན་ཆོས་སྐྱོང་། ངག་དབང་བསམ་གཏན། མཐུ་ཆེན་འཇམ་དཔལ་བསྟན་འཛིན། དེས་བདག་བློ་གཏེར་ལའོ། །ཡང་ན། ཀུན་བློ་ནས། ནམ་མཁའ་འཆི་མེད། ཀུན་དགའ་བསྟན་འཛིན། བསྟན་པའི་རྒྱལ་མཚན། རྗེ་ཤེས་རབ་རྒྱ་མཚོ། དེས་བདག་ལའོ༎ ་༎
ད་ནི་ཐ་མར་དགེ་བའི་ཚེ་ཁྲིད་རྣམ་པ་གསུམ་ལས། དང་པོ་དཔལ་འཁོར་ལོ་བདེ་མཆོག་དཀར་པོའི་ཚེ་ཁྲིད་ཟབ་པ་བཞི་ལྡན་རྗེ་མཁྱེན་བརྩེའི་ཞབས་ཀྱི་ཡིག་སྟེང་ནས་ཕྱིའི་ཚེ་སྒྲུབ། ནང་གི་ཚེ་སྒྲུབ། གསང་བའི་ཚེ་སྒྲུབ། ཞར་བྱུང་བོགས་འདོན་ནམ་མཁའི་བཅུད་ལེན་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཁོར་ལོ་བདེ་མཆོག་རྡོ་རྗེ་ཕག་མོ། ཤཱཀྱ་ཤྲཱི། ས་པཎ། གཡག་སྡེ་བ། མངའ་རིས་པ་སངས་རྒྱས་ཡེ་ཤེས།