[A:220]
མཁན་ཆེན་བསོད་ནམས་གྲགས་པ། གྲགས་པ་ཚུལ་ཁྲིམས། བྱང་སེམས་བྱ་སྡེར་བ། ས་བཟང་། ངོར་ཆེན། བསོད་ནམས་དབང་ཕྱུག་དྲུང་བཙུན་དཔལ་རྒྱལ་རྗེ། སངས་རྒྱས་རིན་ཆེན། གྲོལ་མཆོག་མན་ཁྲིད་བརྒྱ་ལྟར་ལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྗེ་བློ་གྲོས་མཐའ་ཡས། དེ་གཉིས་ཀས་བདག་བློ་གཏེར་ལའོ། །༧་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་བོ་དོང་ལུགས་ཀྱི་ཁྲིད་བརྒྱུད་རང་རྐང་པ་ཡར་འབྲོག་རྡོ་རྗེ་ཕག་མོ་ཆོས་དབྱིངས་བདེ་ཆེན་མཚོ་མོ་ལས་གསན་ཀྱང་དེའི་བརྒྱུད་པ་ནི་མ་རྙེད་དོ༎ ་༎གཉིས་པ་མ་གཅིག་གྲུབ་པའི་རྒྱལ་མོའི་མན་ངག་།རྗེ་བཙུན་འཇའ་ཚོན་སྐུ་ཅན་རས་ཆུང་རྡོ་རྗེ་གྲགས་པ་ནས་འབའ་ར་རྒྱལ་མཚན་དཔལ་བཟང་གི་བར་དུ་སྙན་བརྒྱུད་ཁོ་ནར་བཞུགས་ཤིང་། ད་ལྟའི་བར་དུ་ལམ་འདི་ལ་བརྟེན་ནས་དངོས་གྲུབ་ཀྱི་མཚན་མ་བརྙེས་པ་བར་མ་ཆད་པར་བྱོན་པའི་མགོན་པོ་ཚེ་དཔག་མེད་ཀྱི་ཉམས་ཁྲིད་རྗེ་ཚར་ཆེན་རིན་པོ་ཆེའི་ཡིག་ཆ་པད་དཀར་བཞད་པའི་སྟེང་ནས་ཡང་གསང་ལྷ་གཅིག་བུམ་གཅིག་གི་བྱིན་རླབས་ཀྱིས་རྒྱུད་སྨིན་པར་བྱས་ནས། འཇམ་མགོན་མཁྱེན་བརྩེའི་ཡིག་ཆ་གཞིར་གཟུང་། ངག་དབང་ཡོན་ཏན་རྒྱ་མཚོའི་ཁྲིད་ཡིག་གིས་ཁོག་བཀྲོལ་ཏེ། སྔོན་འགྲོ་ཐུན་མོང་བ་བཞི། དངོས་གཞི་ལ་རྟེན་བསྐྱེད་རིམ། ཚེ་བཅུད་བསྡུ་བའི་དམིགས་སྐོར་བདུན། རྫོགས་རིམ་ལ་སྦྱོར་བ་ལུས་གནད། དམིགས་གནད། སྟོང་ར་བསྒོམ་པ། དངོས་གཞི་གནས་པ་རྩ་ཡིག་གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས། རྗེས་སྟེང་འོག་གི་སྒོ་བསྡམ་པ། སྙིང་གར་ཚེ་ཕུར་གདབ་པ། བར་ཆད་ཀྱི་འབྲང་དགག་པ། ཞར་བྱུང་བཅུད་ལེན་གྱི་རྣལ་འབྱོར་བཅས་མ་ཚང་བ་མེད་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་ཚེ་དཔག་མེད་མགོན། མ་གཅིག་