R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 22
[A:22] ཚར་ཆེན། མཁྱེན་བརྩེ། དབང་རབ། མཁན་ཆེན་བསོད་ནམས་མཆོག་གྲུབ་མན་འདྲ། ཡང་ན། བུ་སྟོན་ནས། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་དོན་ཡོད་པ། བསོད་ནམས་རིན་ཆེན། དོན་ཡོད་རྒྱལ་མཚན། ཀུན་དགའ་བློ་གྲོས། བཤེས་གཉེན་བཀྲ་ཤིས། ངག་དབང་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་འདྲའོ༎ ་༎ ་ དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་གཟའ་ཐམས་ཅད་ཀྱི་ཡུམ་གྱི་གཟུངས་ལ་བརྟེན་ནས་སློབ་དཔོན་བི་རྭ་པས་བཀྲལ་ཞིང་། པཎྜི་ཏ་ཞི་བ་འཚོ་ནས་འཁོན་ཀླུ་དབང་སྲུང་བ་སོགས་འཁོན་གོང་མར་བཀའ་བབས་པའི་རྗེ་བཙུན་རིག་པ་ཆེན་མོ་ལྷ་བཅུ་བཞི་རྒྱལ་ཆེན་བཞི་དང་བཅས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་རྗེ་ངག་དབང་ལེགས་གྲུབ་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། རྣལ་འབྱོར་དབང་ཕྱུག་བི་རཱུ་པ། མཁན་ཆེན་བོ་དྷི་ས་ཏྭའམ་ཞི་བ་འཚོ། འཁོན་ཀླུ་དབང་སྲུང་བ། འཁོན་རྡོ་རྗེ་རིན་ཆེན། འཁོན་ཤེས་རབ་ཡོན་ཏན། འཁོན་ཚུལ་ཁྲིམས་རྒྱལ་པོ། འཁོན་རྡོ་རྗེ་གཙུག་ཏོར། འཁོན་དགེ་སྐྱབས། འཁོན་དགེ་མཐོང་། འཁོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། འཁོན་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩོརྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། ཤར་ཆེན་ཤེས་རབ་འབྱུང་གནས། ཤར་པ་རྡོ་རྗེ་འོད་ཟེར། བླ་མ་ཨེ་པ་འཇམ་དབྱངས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་ནམ་མཁའ་འོད་ཟེར། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ།