R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 221
[A:221] གྲུབ་པའི་རྒྱལ་མོ། ཏི་ཕུ་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། རྗེ་མི་ལ། སྒོམ་པོ་པ། མཐའ་རྩ་བ། འབྲི་གུང་པ། སྤྱན་སྔ་རིན་པོ་ཆེ། ཡང་དགོན་པ། སྤྱན་སྔ་རིན་ཆེན་མགོན་པོ། ཟུར་ཕུག་པ། འབའ་ར་རྒྱལ་མཚན་དཔལ་བཟང་། རིན་ཆེན་འཕེལ། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། རྡོ་རིང་པ། ཚར་ཆེན། མཁྱེན་བརྩེའི་དབང་ཕྱུག་བསླབ་གསུམ་རྒྱལ་མཚན། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། བསོད་ནམས་མཆོག་གྲུབ། ངག་དབང་ལྷུན་གྲུབ། བློ་གྲོས་ཆོས་འཕེལ། ངག་དབང་ཡེ་ཤེས། ཆོས་གྲགས་རྒྱ་མཚོ། ཆོས་ཀྱི་རྒྱ་མཚོ། ཆོས་དབྱིངས་རྡོ་རྗེ། བློ་གསལ་བསྟན་སྐྱོང་། མཁྱེན་བརྩེའི་དབང་པོ། རྡོ་རྗེ་འཆང་ངག་དབང་ཡོན་ཏན་རྒྱ་མཚོ། དེ་གཉིས་ཀས་བདག་བློ་གཏེར་ལ་ཐུགས་དགྱེས་བཞིན་དུ་བཀའ་དྲིན་སྩལ་བའོ༎ ་༎གསུམ་པ་དཔལ་ལྡན་ས་སྐྱ་པའི་ཟབ་ཆོས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་དཀར་པོའི་ཚེ་ཁྲིད་ཆིག་བརྒྱུད་མ་ཚར་ཆེན་རིན་པོ་ཆེའི་ཡིག་སྟེང་ནས་ཚེ་བཅུད་བསྡུ་བསྟིམ་གྱི་གནད། བཟླས་པ་སྔགས་ཀྱི་གནད། གཡོ་བ་རླུང་གི་གདན་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སྤྲུལ་སྐུ་ཤེས་རབ་རྒྱ་མཚོས་བདག་བློ་གཏེར་ལ་སྩལ་བའི་བར་གོང་ཁྲོ་བཅུའི་བརྒྱུད་པ་ལྟར་རོ། །ཡང་ན། མཐུ་ཆེན་འཇམ་དཔལ་བསྟན་འཛིན། དེས་བདག་བློ་གཏེར་ལའོ༎ ་༈་་༎རྩ་བའི་ས་བཅད་གསུམ་པ་སྒྲ་དང་ཡི་གེ་ལྷན་ཅིག་བྱེད་རྐྱེན་ལ་ལྟོས་པའི་སློབ་མ་རྣམས་ཀྱིས་ཆོས་ལ་དབང་ཟ་མི་དགོས་པར་ཇི་དགར་སྤྱད་ཆོག་པའི་ལུང་གི་སྐོར་ལ། རྒྱ་ཞུང་རྣམས་ནི་ཕལ་ཆེར་དབང་ཁྲིད་ཀྱི་བརྒྱུད་པར་འདྲེས་ཤིང་། བསྟན་འགྱུར་ལུང་བཞུགས་པའི་སྡེབས་སུ་ཡོད་པ་རྣམས་