[A:222]
ནི་བསྟན་འགྱུར་གྱི་ལུང་རྒྱུན་སྤྱི་ལྟར་རྗེ་ཐུབ་བསྟན་ལེགས་བཤད་བཟང་པོ་ལས་བདག་གིས་ནོས་སོ། །རྡོ་རྗེའི་ཚིག་རྐང་རྣམས་ནི་པོད་སོ་སོ་ནས་ནོས་སོ། །གོང་མ་ལྔའི་གསུང་ཕྲན་བུ་ཡོད་པ་རྣམས་ནི་བཀའ་འབུམ་བརྒྱུད་པ་ལྟར་རོ། །ཡིག་ཆ་སོ་སོའི་ཁུངས་ཡིག་རྙིང་ལ། བུ་སྟོན་གྱིས་མཛད་པའི་ཡིག་ཆ་རྣམས་ལས་འོད་ཟེར་དྲི་མེད་ནི། ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ལྕེ་བཙུན་ནམ་མཁའ་མཆོག་གྲུབ། བླ་མ་དོན་གྲུབ་ལེགས་པ། ཀུན་མཁྱེན་ཚུལ་ཁྲིམས་རྒྱལ་མཚན། སྐུ་ཞང་མཁྱེན་རབ་མཆོག་གྲུབ། བྱང་གླིང་པ་དབོན་པོ་རིན་ཆེན་རྒྱལ་པོ། འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན། བྱང་གླིང་བཀྲ་ཤིས་རྒྱལ་མཚན། ཆོས་རྗེ་དཀོན་མཆོག་རྒྱལ་མཚན། མཁན་པོ་བསོད་ནམས་མཆོག་གྲུབ། མཁས་དབང་རིན་ཆེན་དགེ་ལེགས། ཆོས་རྗེ་བསོད་ནམས་རྒྱ་མཚོ། རིན་ཆེན་འཇམ་དཔལ་མཁྱེན་རབ། དགེ་སློང་རིན་ཆེན་བསྟན་དར། ལྕེ་བཙུན་བསྟན་འཛིན་ཕྲིན་ལས། རྗེ་ཡེ་ཤེས་དཔལ་འབྱོར། རྡོ་རྗེ་འཆང་བློ་གསལ་བསྟན་སྐྱོང་། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་གི་དབང་ཕྱུག་འཇམ་དབྱངས་རིན་ཆེན་རྡོ་རྗེ། དེས་བདག་བློ་གཏེར་ལའོ། །དོན་ཡོད་ཞགས་པ་ནི། བུ་སྟོན། སློབ་དཔོན་འཇམ་དཔལ་གྲུབ་བཟང་། བླ་མ་གཉལ་པ་དགེ་ལེགས་དཔལ། བླ་མ་རྣམ་རྒྱལ་དཔལ་བཟང་། ལྕེ་བཙུན་ཆོས་རྒྱལ། མཁས་པ་ཙནྡྲ་ཤྲཱི། ཀུན་མཁྱེན་ཚུལ་ཁྲིམས་རྒྱལ་མཚན་མན་འདྲ། རྣམ་སྣང་མངོན་བྱང་ནི། བུ་སྟོན། མཁན་པོ་གྲགས་གཞོན། འཇམ་དབྱངས་གྲགས་པ་རྒྱལ་མཚན། ཡོན་ཏན་དཔལ། བློ་གྲོས་བཟང་པོ། མཁྱེན་རབ་རྗེ་མན་འདྲ། རྡོར་དབྱིངས། དཔལ་མཆོག་ཆོས་དབྱིངས་གསུང་དབང་། གཤེད་དམར་ལྷ་བཅུ་གསུམ་མ། འཇིགས་བྱེད།