R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 223
[A:223] ཐུགས་ཆེན་པད་དྲྭ། དུས་འཁོར་བཅས་པའི་བརྒྱུད་པ་ནི། བུ་སྟོན། ཐུགས་སྲས། ནམ་མཁའ་མཆོག་གྲུབ། ཙནྡྲ་ཤྲཱི་མན་འདྲ། ཁམས་གསུམ་རྣམ་རྒྱལ། རྩེ་མོ། གཙུག་དགུ་གསུམ་ནི། བུ་སྟོན། དཔལ་མཆོག་དོན་གྲུབ། ཙནྡྲ་ཤྲཱི་མན་འདྲ། ངོར་ཆེན་གྱིས་མཛད་པའི་ཡིག་ཆ་རྣམས་ནི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་ཡོངས་འཛིན་དཀོན་མཆོག་འཕེལ་བ། རྒྱལ་བ་ལྷ་མཆོག་སེང་གེ་འཇམ་དབྱངས་སངས་རྒྱས་སེང་གེ་པཎ་ཆེན་ནམ་མཁའ་དཔལ་བཟང་། མུས་ཆེན་ནམ་མཁའ་དཔལ་བཟང་། ཀུན་མཁྱེན་དཔལ་ལྡན་དོན་གྲུབ། འཇམ་དབྱངས་ནམ་མཁའ་སངས་རྒྱས། མཚུངས་མེད་བསོད་ནམས་རྒྱ་མཚོ། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། འདྲེན་མཆོག་བསྟན་འཛིན་ལྷུན་གྲུབ། བྱམས་པ་དཔལ་ལྡན་ཆོས་སྐྱོང་། དེའི་དབོན་རིན་ཆེན་མཆོག་གྲུབ། མགོན་བླ་ཀུན་དགའ་བསོད་ནམས། ཡེ་ན་བསོད་ནམས་རྒྱལ་མཚན། གྲུབ་དབང་དགེ་འདུན་རྒྱ་མཚོ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། དཔོན་སློབ་ངག་དབང་ལེགས་གྲུབ། དཱའུ་བསྟན་བདག་སྤྲུལ་སྐུ། ཆོས་རྗེ་ངག་དབང་རྒྱ་མཚོ། ཀུན་མཁྱེན་འཇམ་དབྱངས་ཤེས་རབ་རྒྱ་མཚོ། དེས་བདག་བློ་གཏེར་ལའོ། །དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་བའི་ཡིག་ཆ་རྣམས་ཀྱི་ནི། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། པཎ་ཆེན་ནམ་མཁའ་དཔལ་བཟང་། མཁས་གྲུབ་དཔལ་ལྡན་དོན་གྲུབ། འཇམ་མགོན་དཔལ་མཆོག་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། དེའི་དབོན་རིན་ཆེན་མཆོག་གྲུབ། ལྷུན་གྲུབ་སྟེང་གི་བླ་མ་ཀུན་དགའ་བསོད་ནམས།