R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 224
[A:224] ཡེ་ན་བསོད་ནམས་རྒྱལ་མཚན། བླ་མ་དམ་པ་དགེ་འདུན་རྒྱལ་མཚན། བྱམས་པ་ཀུན་དགའ་བསྟན་འཛིན། སྤྲུལ་སྐུ་ཤེས་རབ་རྒྱ་མཚོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། དེས་བདག་བློ་གཏེར་ལའོ། །ཐར་པཎ་བཀའ་འབུམ་རྣམས་ཀྱང་བརྒྱུད་ཡིག་མ་རྙེད་ཀྱང་ལུང་ཐོབ་བོ། །ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་ཡིག་ཆ་རྣམས་ཀྱི་ནི། ལྡན་ལོ་ཚུལ་ཁྲིམས་རིན་ཆེན། ཐུགས་སྲས་ཀུན་དགའ་བསོད་ནམས། མང་ཐོས་བསོད་ནམས་རྒྱལ་མཚན། རྡོར་འཛིན་དགེ་འདུན་རྒྱ་མཚོ། བླ་མ་ཕྲིན་ལས་རིན་ཆེན། ལྷུན་གྲུབ་སྟེང་གི་དབུ་མཛད་བླ་མ་འཇམ་དབྱངས་བློ་གསལ། ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། འཇམ་དབྱངས་ཤེས་རབ་རྒྱ་མཚོ། དེས་བདག་བློ་གཏེར་ལའོ། །ཇོ་ནང་སྒྲོལ་མགོན་ཞབས་ཀྱི་ཡིག་ཆ་རྣམས་ནི། རྗེ་བཙུན་ཏཱ་ར་ནཱ་ཐ། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། སི་ཏུ་ཀརྨ་བསྟན་པའི་ཉིན་བྱེད། ཟུར་མང་ཚེ་དབང་ཀུན་ཁྱབ། དབོན་སྤྲུལ་ཀརྨ་རིན་ཆེན་རྣམ་རྒྱལ་རྡོ་རྗེ། ཀརྨ་འོད་གསལ་འགྱུར་མེད། ངག་དབང་ཡོན་ཏན་རྒྱ་མཚོ། བླ་མ་བློ་གྲོས་བཟང་པོ། དེས་བདག་བློ་གཏེར་ལའོ། །ཡང་ན། ཀརྨ་འོད་གསལ་འགྱུར་མེད་ནས། ལུང་རྟོགས་ཀླུ་སྒྲུབ་རྒྱ་མཚོ། རྗེ་ངག་དབང་ཆོས་འཕེལ། རྡོར་འཆང་ངག་དབང་ནོར་བཟང་། འདྲེན་མཆོག་ཀུན་དགའ་རྒྱ་མཚོ། ཛཾ་ཐང་བླ་མ་བསྟན་འཛིན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ། །གོ་བོ་རབ་འབྱམས་པ་ཀུན་མཁྱེན་བསོད་ནམས་སེང་གེའི་ཡིག་ཆ་རྣམས་ནི། ཀུན་མཁྱེན་བསོད་ནམས་སེང་གེ་དཀོན་མཆོག་འཕེལ། དཀོན་མཆོག་ལྷུན་གྲུབ། ནམ་མཁའ་དཔལ་བཟང་། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས།