R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 225
[A:225] མཁན་ཆེན་ངག་དབང་ཆོས་གྲགས། ཨ་མེས་ཞབས་ཀུན་དགའ་བསོད་ནམས། མུས་པ་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། མཁས་གྲུབ་སངས་རྒྱས་རྒྱ་མཚོ། ངག་དབང་ཀུན་དགའ་ལེགས་འབྱུང་། ས་ཆེན་ཀུན་དགའ་བློ་གྲོས། རི་ཕུག་སྤྲུལ་སྐུ་ཀུན་དགའ་མཁས་གྲུབ་དབང་པོ། ཐར་རྩེ་བྱམས་པ་ཀུན་དགའ་བསྟན་འཛིན། རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྡོ་རྗེ་འཆང་ཀུན་དགའ་འཇམ་དབྱངས། དེས་བདག་བློ་གཏེར་ལའོ། ། ས་སྐྱ་པ་ཀུན་བློའི་གསུང་རྣམས་ནི། མཛད་པ་པོ་ཀུན་དགའ་བློ་གྲོས། གཟིམས་འོག་བསྟན་འཛིན་ཕྲིན་ལས། བྱམས་པ་ཕྲིན་ལས་ཡོན་ཏན། བྱམས་པ་བསྟན་འཛིན་སྙན་གྲགས། ཨ་མདོ་བླ་མ་མཁྱེན་རབ་དོན་ལྡན། ཧོར་རོང་པ་ཚ་བ་སྙན་གྲགས་བསྟན་པའི་དབང་ཕྱུག་དེས་བདག་བློ་གཏེར་ལའོ། །དཔོན་སློབ་ངག་དབང་ལེགས་གྲུབ་གསུང་རྣམས་ནི། མཛད་པ་པོ། ཀུན་དགའ་འཇམ་དབྱངས། དེས་བདག་བློ་གཏེར་ལའོ། །ཞྭ་ལུ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་གི་གསུང་རྣམས་ནི། མཛད་པ་པོ། རྗེ་མཁྱེན་བརྩེའི་ཞབས། གྲྭ་སྒང་དབོན་པོ། དགེ་འཕེལ་མཆོག་སྤྲུལ། དེས་སོ། །བློ་གྲོས་མཐའ་ཡས་ཀྱི་གསུང་རྔོག་དཀྱིལ་རྣམས་ནི། མཛད་པ་པོ། བླ་མ་པདྨ་ནོར་བུ། དེས་བདག་བློ་གཏེར་ལའོ། །དེ་ལས་གཞན་པའི་བློ་གྲོས་མཐའ་ཡས་ཀྱི་གསུང་རྣམས་ནི། མཛད་པ་པོ། བླ་མ་ཀརྨ་གསལ་བྱེད། དེས་སོ། །རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོའི་བཀའ་མཛོད་རྣམས་ནི། མཛད་པ་པོ། ཀུན་དགའ་འཇམ་དབྱངས། དེས་སོ། །