[A:228]
གྲུབ་ཀྱིས་མཛད་པའི་གོང་མའི་དགོངས་རྒྱན་གྱིས་ཁ་འགེངས་བཅས་གཞིར་བཞག་སྟེ། དེ་གཉིས་ཀྱི་ས་བཅད་རྗེ་བཙུན་རིན་པོ་ཆེས་མཛད་པས་མདོར་བསྟན། གཞུང་སོ་སོ་ལ་འབྲུ་གཉེར་བའི་སྒོ་ནས་རྒྱས་པར་བཤད། ངོར་ཆེན་འཇམ་པའི་དབྱངས་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་ཚུལ་གསུམ་མཛེས་རྒྱན་དང་། ལྗོན་ཤིང་མཛེས་རྒྱན་གཉིས་ས་གཞུང་སྦྲགས་མ་ཞིབ་བཤད་དང་བཅས་པས་དོན་བསྡུ་བའི་ཚུལ་གྱིས་གཏན་ལ་ཕབ་པ་སྔོན་དུ་འགྲོ་བས། རྒྱུད་བཤད་དངོས་གཞི་ལ། འཇམ་མགོན་ས་སྐྱ་པཎྜི་ཏས་མཛད་པའི་གསུང་རབ་ལྟར་ས་བཅད་ཀྱི་སྒོ་ནས་མདོར་བསྟན། རྗེ་བཙུན་རིན་པོ་ཆེའི་རྣམ་འགྲེལ་དག་ལྡན་གྱི་འབྲུ་བསྣན་པས་རྒྱས་པར་བཤད། རྒྱུད་རང་གི་ཚིག་དོན་མདོར་བསྡུས་པའི་ཚུལ་གྱིས་བཤད་པས་ངག་འདོན་སྙིང་པོར་དྲིལ་བའི་བཤད་ལུང་སྦྲགས་མ་ཉིན་བཅོ་ལྔའི་བར་ལེགས་པར་ཐོབ་པའི་བརྒྱུད་པ་ལ་གཉིས། འགྲེལ་པ་ལུགས་གཙོ་བོར་བཏོན་པའི་བརྒྱུད་པ་དང་། མན་ངག་ལུགས་ཀྱི་བཤད་པའི་བརྒྱུད་པའོ།
་
།དང་པོ་ནི། རྡོ་རྗེ་འཆང་། བདག་མེད་མ། རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པ། ཌོམྦི་ཧེ་རུ་ཀ་ཨ་ལ་ལ་བཛྲ། དཔལ་ལྡན་ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ་ཛ་ཡ་ཤྲཱི། སློབ་དཔོན་སྦྱང་དཀའ་ཟླ་བ། དེ་ལ་སློབ་མའི་མཆོག་དཔའ་བོ་རྡོ་རྗེ། སེང་གེ་རྡོ་རྗེ། སྒྲ་གཅན་འཛིན་དང་གསུམ་ལས། འདིར་དགེ་སློང་དཔའ་བོ་རྡོ་རྗེ། དེས་ལོ་ཙཱ་བ་ཆེན་པོ་ཤཱཀྱ་ཡེ་ཤེས་ལ་གནང་། དེ་ལ་འཁོན་དཀོན་མཆོག་རྒྱལ་པོ། མངའ་རིས་པ་གསལ་བའི་སྙིང་པོ། སེ་མཁར་ཆུ་བ་ཀུན་རིག་འཁྱིན་ལོ་ཙཱ་བ་འོད་ཀྱི་སྣང་བ་དང་བཞི་ལས། འཁོན་དཀོན་མཆོག་རྒྱལ་པོ། རྗེ་ས་ཆེན། ཡང་ན། བླ་མ་མངའ་རིས་པ། འཁོན་སྒྱི་ཆུ་བ་དགྲ་ལྷ་འབར། རྗེ་ས་ཆེན། ཡང་ན། སེ་མཁར་ཆུ་བ། འཁོན་དཀོན་མཆོག་རྒྱལ་པོ།