R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 227
[A:227] བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཡེ་ཤེས་སྒྱུ་མའི་རྣམ་རོལ་རྗེ་བླ་མ་མཁྱེན་བརྩེའི་ཞབས་ཀྱིས་མང་མཁར་མུ་གུ་ལུང་ལོ་ཙཱ་ཕུག་ཏུ་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ནས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་ལས་རྩ་བའི་རྒྱུད་ཀྱི་བཤད་བཀའ་ཆ་ལག་དང་བཅས་པ་གསན་པ་དང་། སླར་ཡང་དཔལ་བརྩེ་བ་ཆེན་པོ་ལས་ཀྱང་གསན་པའི་ལོ་རྒྱུས་ངོ་མཚར་ཅན་བཞུགས་པའང་གཏན་ཚིགས་ཀྱི་སྲོག་ཏུ་བཟུང་སྟེ་ནོས་པའི་ཚུལ་ལ། ཉིན་དང་པོར། བླ་སློབ་ཐུན་མོང་དུ་གནས་ཁང་བྱིན་རླབས་དང་། ལམ་དུས་སྲུང་འཁོར་ཡན་གྲུབ་མཚམས། སློབ་དཔོན་གྱིས་མངོན་རྟོགས་འབྲིང་པོའི་མཐར་དབྱུང་ནས། གཏོར་ཆོག་མཛེས་རྒྱན་བཞིན་ཐམས་ཅད་ཀྱིས་གཏོར་མ་དབུལ། དེ་ནས་བརྒྱུད་འདེབས་ཀུན་ཁྱབ་མ་དང་། མཎྜལ་སྔོན་དུ་འགྲོ་བས། ཚུལ་དང་པོ་རྒྱུད་སྡེ་སྤྱིའི་རྣམ་གཞག་ནས་དབུ་བརྩམས་ཏེ་ཚུལ་གཉིས་པ་རྒྱུད་ཀྱི་མཚན་དོན་བསྟན་པ་ཡན་ཆད་གསུང་བཤད་རྒྱས་པར་མཛད་མཐར། བླ་སློབ་ཀུན་གྱིས་ཀོལླ་ཨི་རེ་ཊཋི་ནས། དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག་།གི་བར་གཏོར་ཆོག་གཞུག་ལྟར་བསྔོ་སྨོན་རྣམ་པར་དག་པས་གྲོལ། ཉིན་གཉིས་པར། སྔོན་འགྲོ་རྣམས་ཁ་སང་ལྟར་ལ། ཚུལ་གསུམ་པ་རྒྱུད་ཀྱི་འཆད་ཐབས་ནས་བརྩམས་ཏེ་ཟིན་ཐུན་དུ་བཅད་དེ། ཚུལ་དང་པོ་གསུམ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་ཞེས་རྒྱ་གར་གྱི་ཆུ་བོ་གངྒཱ་ཚུན་ཆད་དུ་འགྲན་ཟླ་སྤངས་པའི་མཁས་པ། སྐུ་ལུས་མ་སྤངས་པར་འོག་མིན་ཆེན་པོར་མངོན་སུམ་དུ་གཤེགས་པ་དེ་ཉིད་ཀྱིས་མཛད་པའི་རྒྱུད་སྡེ་སྤྱི་རྣམ་དང་། ཚུལ་དང་པོ་རྒྱུད་ཀྱི་མངོན་པར་རྟོགས་པ་གངས་རིའི་ཁྲོད་ཙམ་ན་མངོན་པར་མཐོ་བ་རྡོ་རྗེ་འཛིན་དབང་བྱེ་བའི་གཙུག་རྒྱན་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་རབ་རིན་པོ་ཆེའི་ལྗོན་ཤིང་ལ། ངོར་ཆེན་དཀོན་མཆོག་ལྷུན་