[A:229]
རྗེ་ས་ཆེན། ཡང་ན། འཁྱིན་ལོ་ཙཱ་བ། འཁོན་དཀོན་མཆོག་རྒྱལ་པོ། རྗེ་ས་སྐྱ་པ་ཆེན་པོའོ། །དེ་ལྟར་བརྒྱུད་པའི་བཀའ་བབས་ཆེན་པོ་བཞི་དང་ལྡན་པའི་བླ་མ་ས་སྐྱ་པ་ཆེན་པོས། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། ཚུལ་ཁྲིམས་གྲགས་པ། གཙུག་ཏོར་རྒྱལ་པོ་གསུམ་ལ་གནང་། དེ་གསུམ་གས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། དེས་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ། དེས་འཕགས་པ་རིན་པོ་ཆེ་ལ། དེ་ནས་དགའ་ལྡན་པ་བཀྲ་ཤིས་དཔལ། ཆོས་རྗེ་བྲག་ཕུག་པ་བསོད་ནམས་དཔལ། བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། དེ་གཉིས་ཀ་ལ་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་དང་། ཀུན་མཁྱེན་བསོད་ནམས་སེང་གེ་གཉིས། དེ་གཉིས་ཀ་ལ་ཡོངས་འཛིན་དཀོན་མཆོག་འཕེལ་བ། དེ་ནས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་། ཤར་ཆེན་ཀུན་དགའ་བཀྲ་ཤིས། ་་་་འདི་ཡན་བཤད་པ་རྒྱ་ཆེར་གནང་བའི་རྒྱུན་དང་། མན་གཙོ་བོར་ལུང་གི་བརྒྱུད་པའོ། །མཆན། ཐར་རྩེ་ནམ་མཁའ་སངས་རྒྱས། སྒྲུབ་ཁང་པ་དཔལ་མཆོག་རྒྱལ་མཚན། རྗེ་དོན་གྲུབ་རྒྱལ་མཚན། ཁམས་སྟོན་ནམ་མཁའ་དཔལ་བཟང་། འཇམ་དབྱངས་སངས་རྒྱས་ཡེ་ཤེས། འཇམ་མགོན་ས་སྐྱ་པ་ཆེན་པོ་ཀུན་དགའ་བློ་གྲོས། མཁན་ཆེན་ཆོས་བཀྲ་ཤིས། མཁན་ཆེན་ཀུན་དགའ་རབ་རྒྱས། རབ་འབྱམས་སྨྲ་བ་ཆོས་དཔལ་འབྱོར། མཁན་ཆེན་ངག་དབང་གྲགས་པ། འདར་མཁན་ཆེན་ཀུན་དགའ་དཔལ་བཟང་། སློབ་དཔོན་ཀུན་དགའ་འཇམ་དབྱངས། འཇམ་མགོན་ངག་དབང་ལེགས་གྲུབ། རྗེ་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་