[A:230]
པོ། མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་བློ་གྲོས་རྒྱལ་མཚན། དེས་བདག་བློ་གཏེར་དབང་པོ་ལ་དགྱེས་པ་ཆེན་པོས་བཀའ་དྲིན་དུ་སྩལ་བའོ། །ཡང་རྒྱུད་རྐྱང་གི་བཤད་ལུང་ནི་རྗེ་བླ་མ་ཉིད་ཀྱི་ཞལ་ནས་ཀྱང་ཐོབ། ཡང་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཡིག་སྟེང་ནས་བརྟག་གཉིས་ཀྱི་རྒྱུད་བཤད་ཐོབ་པའི་བརྒྱུད་པ་ནི། རྗེ་མཁྱེན་བརྩེའི་ཞབས་ནས། འཇམ་མགོན་བློ་གྲོས་མཐའ་ཡས། དེས་བདག་ལའོ། །ཡང་ན། དཀོན་མཆོག་ལྷུན་གྲུབ་ནས། རབ་འབྱམས་པ་ཀུན་དགའ་མཆོག་ལྡན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ངག་དབང་ཆོས་གྲགས། ་་་་འདི་ཡན་བཤད་པ་རྒྱ་ཆེར་གནང་བའི་རྒྱུན། མཆན། བྱམས་པ་ངག་དབང་རྣམ་རྒྱལ། བྱམས་པ་བཀྲ་ཤིས་ལྷུན་གྲུབ། འཕགས་ཆེན་ཆོས་ཀྱི་རྒྱལ་མཚན། མང་ཐོས་བསོད་ནམས་དབང་ཕྱུག་རྗེ་ཆོས་ཀྱི་ཉི་མ། བླ་མ་བཀྲ་ཤིས་ཆོས་བཟང་། སྤྲུལ་སྐུ་ངག་དབང་བསོད་ནམས། རྡོ་རྗེ་འཛིན་པ་དགེ་འདུན་རྒྱ་མཚོ། བླ་མ་ངག་དབང་བཟང་པོ། འཇམ་མགོན་ངག་དབང་ལེགས་གྲུབ་མན་འདྲ། ཡང་ན། དཀོན་མཆོག་ལྷུན་གྲུབ་ནས། དེའི་དབོན་སངས་རྒྱས་སེང་གེ་པཎ་ཆེན་ནམ་མཁའ་དཔལ་བཟང་མན་འདྲའོ། །
་
གཉིས་པ་མན་ངག་ལུགས་ཀྱི་བཤད་སྲོལ་གྱི་རིང་བརྒྱུད་ནི། རྡོ་རྗེ་འཆང་། བདག་མེད་མ། བིཪྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་བ་དྷཱུ་ཏི་པ། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ། དེ་ལ་སློབ་མའི་མཆོག་བཞི་ལས། འདིར་སེ་མཁར་ཆུ་བ། ཞང་དགོན་པ་བ། རྗེ་ས་ཆེན་མན་སྔར་དང་འདྲའོ། །ཉེ་བརྒྱུད་ནི། རྗེ་བཙུན་ཆེན་པོས། བླ་མེད་ཕྱོགས་ནི་རིས་སྒྱུར་མིག་དང་བཅས། །རིག་བྱེད་ཀྱིས་བསལ་ལག་པས་མེ་ལ་བགོས། །དེ་འོད་ཀུན་གསལ་ཆུ་གཏེར་འབྱུང་བར་བཅས། ཞེས་དང་། ལེགས་འོངས་མིག་གིས་ཡོན་ཏན་གསལ་བར་བྱས། །