R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 23
[A:23] མཁན་ཆེན་བསོད་ནམས་རྒྱ་མཚོ། འབྲས་སྤུངས་ཚེ་དབང་བཀྲ་ཤིས། བླ་མ་ཨོ་རྒྱན་རྒྱལ་པོ། མཁན་ཆེན་བསོད་ནམས་རྒྱལ་པོ། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། ཆོས་རྗེ་དགེ་བའི་དབང་པོ། རྗེ་ཕྲིན་ལས་རྣམ་རྒྱལ། མགོན་པོ་བསོད་ནམས་མཆོག་ལྡན། རྗེ་རིན་ཆེན་རྒྱ་མཚོ། གྲྭ་ཐང་མཁན་ཆེན་སྙན་མཁར་བ། འབྲས་གླིང་ངག་དབང་ཀུན་དགའ་ཆོས་དར། དེའི་དབོན་ཀུན་དགའ་བསྟན་དར། ཡངས་པ་ཅན་ཀུན་དགའ་དབང་རྒྱལ། པོ་ཏ་ལའི་གོང་དཀར་མཁན་ཆེན་བསྟན་འཛིན་ཚུལ་ཁྲིམས། ཐོ་ཡོན་ལྷ་བཙུན་དོན་གྲུབ་རྒྱལ་མཚན། དེ་གཉིས་ཀས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྗེ་ཀུན་དགའ་འཇམ་དབྱངས། དེ་གཉིས་ཀས་བདག་བློ་གཏེར་བའོ། ། ཡང་ཕྱེ་འགྱུར་ལྟར་ན། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཛཻ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ས་ཆེན་མན་སྔར་ལྟར་རོ༎ ་༎ རིགས་ཀྱི་གཙུག་ཏོར་གདུགས་དཀར་པོ་ཅན་གྱི་གཟུངས་ལ་བརྟེན་ནས་གྲུབ་དབང་ཛཻ་ཏཱ་རི་དགྲ་ལས་རྣམ་རྒྱལ་གྱིས་བཀྲལ་བའི་གདུགས་དཀར་པོ་ཅན་ལྷ་ཉེར་བདུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཤཱཀྱ་དཔལ་གྱི་དཀྱིལ་ཆོག་བསོད་ནམས་མཆོག་གྲུབ་ཀྱི་ལྷན་ཐབས། བློ་གསལ་ཞབས་ཀྱི་དབང་ཆོག་བཅས་པའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཐུབ་པའི་དབང་པོ། གཙུག་ཏོར་གདུགས་དཀར་ཅན། ཕྱག་ན་རྡོ་རྗེ། བསམ་གཏན་བཅུ་པ། ཙནྡྲ་གོ་མཱི། གི་ར་ཝ་ཏི། རྡོ་རྗེ་རྣོན་པོ། པདྨ་ལྕགས་ཀྱུ། བྲམ་ཟེ་རིན་ཆེན་རྡོ་རྗེ། ཛཻ་ཏཱ་རི་པ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ། འདན་མ་ཀྱུར་ཨ་སྐྱབས། ས་ཆེན་ཀུན་སྙིང་། སློབ་དཔོན་བསོད་རྩེ། རྗེ་བཙུན་