R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 231
[A:231] ཞེས་ཏེ། བིཪྺ་པས་ས་སྐྱ་པ་ཆེན་པོ་ལ་རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་བཤད་བཀའ་ཚུལ་བཞིས་གསལ་བར་བྱས་པ་གནང་བ་ལས་གཙོ་བོར་རྒྱུད་གསུམ་གྱི་བརྒྱུད་པ་ལ། བདག་མེད་མ། བིཪྺ་པ། ས་ཆེན། རྩེ་མོ། ས་པཎ། འཕགས་པ། དཀོན་མཆོག་དཔལ། བསོད་ནམས་དཔལ། བསོད་ནམས་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བང་པོ་མན་གོང་དང་འདྲའོ༎ ་༎དེ་ལྟར་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་འདི་དག་བདག་ཅག་གི་དྲིན་ཆེན་རྩ་བའི་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་༧.ངོར་ཆེན་རྡོ་རྗེ་འཆང་གི་གསན་ཡིག་རྒྱ་མཚོ་ལྟར་རྩ་བའི་འཆང་གཞི་དཀར་ཆག་ཏུ་བཏབ་པ་རྩ་བར་བཟུང་། དེར་མ་འཁོད་པ་རྒྱུན་རྣམ་དག་ཡོད་ངེས་དག་རྫོགས་པའི་སངས་རྒྱས་རྗེ་བླ་མ་མཁྱེན་བརྩེའི་ཞབས་ཀྱི་བཀའ་ལྟར་ཀུན་མཁྱེན་རིན་པོ་ཆེ་རྣམ་པ་གཉིས་སོགས་ལས་གསར་དུ་ཞུས་ཏེ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་རྒྱུད་སྡེ་ཆེན་པོ་རྩོད་བྲལ་འཁྲུལ་ཟད་ཀྱི་བཀའ་འདི་དག་སྙིགས་མའི་འདམ་རྫབ་ཀྱི་ཁྲོད་དུ་ནུབ་པར་ཕོངས་པས་རྒྱུད་རྒྱ་གཞུང་གི་དགོངས་པ་བོད་གངས་ཅན་པའི་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀྲལ་བ་ལྟར་ལ། སོགས་ཁོངས་བཀྲོལ་བ་ཙམ་མ་གཏོགས་ཐ་ན་ཕྱག་ལེན་ཕྲ་མོ་ཚུན་ཆད་གྲུབ་མཐའ་སོ་སོའི་བཞེད་སྲོལ་གཙང་མར་བཀོད་ཅིང་། ཐོག་མཐའ་བར་གསུམ་གྱི་དཀའ་གནད་རྣམས་༧.རྗེ་བླ་མ་རྣམ་གཉིས་དང་། མཁས་པའི་དབང་པོ་དག་ལ་ཞུས་མཐར་གྱིས་ཕྱོགས་དང་རིས་སུ་མ་ཆད་པར་སྟབས་གཅིག་ཏུ་བསྒྲིགས་པའི་བཀའི་བསྡུ་བ་ཆེན་པོ་འདི་ཉིད་ཚང་ལ་མ་ནོར་བའི་ཆོས་ཀྱི་ཕུང་པོ་ཆེན་པོར་བསྒྲུབས་པ་ཡིན་ལ། དེའང་ཡིག་ཆ་ཕྱོགས་གཅིག་ཏུ་བསྒྲིགས་