R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 234
[A:234] འདོམས་མཁས་རྣམས། །བཀའ་དྲིན་དྲན་པས་སླར་ཡང་ཕྱག་བགྱིའོ། །མགོན་རྣམས་མི་འཕྲོགས་པ་ཡི་མཁྱེན་རབ་དང་། །མཉམ་པར་འགྲོགས་པའི་གསུང་གི་གསང་བ་ལས། །སྙིགས་མའི་མཐར་ཡང་རྒྱུད་སྡེ་ཆེ་རྣམས་ཀྱི། །བསྟན་པ་ཉིན་མོར་མཛད་ལ་སུ་མི་རངས། །ས་ལ་སངས་རྒྱས་དངོས་སུ་བྱོན་པ་ཡི། །རྡོ་རྗེ་འཛིན་པའི་ཚོགས་ཀྱིས་སྐལ་བཟང་བདག་།མཚན་ཙམ་ཐོས་དཀའ་རྡོ་རྗེའི་ལམ་མཆོག་འདིར། །བདེ་བླག་དྲང་བའི་བཀའ་དྲིན་གཞལ་སྔ་མིན། །དེ་ཕྱིར་འོག་མིན་ཞིང་དུ་རིགས་དྲུག་པའི། །དག་པའི་འཁོར་རྣམས་རྗེས་སུ་བཟུང་བ་བཞིན། །དུས་དང་མི་འཚམས་ཆོས་ཀྱི་དགའ་སྟོན་གྱི། །ནོར་བུའི་བང་མཛོད་དབང་འདི་བླ་མའི་དྲིན། །རྗེ་བཙུན་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། །བདག་གི་མོས་དགེ་གཙང་མའི་རྟེན་འབྱུང་ལས། །འདི་ནས་ཚེ་གཅིག་རྡོ་རྗེ་འཆང་པའི་སར། །འཁྲིད་པའི་ལམ་སྲོལ་མ་ཚང་མེད་པ་ཐོབ། །ཟབ་རྒུ་ཐོབ་པའི་རྣམ་གྲངས་མ་ངེས་པའི། །ཐེ་ཚོམ་རྐང་པ་རིང་པོའི་གོམ་སྟབས་ཀྱིས། །བསམ་དཔྱོད་ཡངས་པའི་ཐང་ཆེན་གཞལ་བ་འགའ། །ཚུལ་མིན་ནམ་མཁར་འདོམ་གྱིས་འཇལ་དང་མཚུངས། །དེ་ཕྱིར་ཡོངས་འཛིན་མཁས་པའི་དེད་དཔོན་གྱིས། །སྨིན་གྲོལ་གདམས་པའི་ནོར་བུ་གང་སྩལ་བ། །བརྗེད་ངས་འཇིགས་པའི་དགྲ་འདིས་བཅོམ་དོགས་ནས། །སྲུང་བྱེད་ཡི་གེའི་ཁང་བཟང་གསར་དུ་བསྐྲུན། །དེ་མཐུས་ཐུབ་བསྟན་མདོ་དང་སྔགས་ཀྱི་ཚུལ། །ནམ་མཁའ་ཇི་སྲིད་འགྲོ་བའི་སྒྲོན་མེ་རུ། །ལུང་རྟོགས་འོད་ཀྱི་དྲྭ་བ་འབུམ་འགྱེད་བཞིན། །འཇིག་རྟེན་ཁམས་ན་འགྲིབ་མེད་གསལ་གྱུར་ཅིག་།གངས་རིའི་ཁྲོད་ན་ཟབ་རྒྱས་རྒྱུད་སྡེའི་ཚོགས། །རྡོ་རྗེ་འཆང་གི་ལུང་བཞིན་བཤད་སྒྲུབ་མཁན། །དཔལ་