R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 24
[A:24] གྲགས་རྒྱམ། དེས་སྟོད་ལུང་གང་སེར་བ་དང་། ཕོ་རོག་མདོ་སྡེ་མགོན་གཉིས། གཉིས་ཀས་རྒན་མོ་ལྷས་པ་བྱང་ཆུབ་དཔལ། བླ་མ་ཡེ་ཤེས་རིན་ཆེན། བླ་མ་རིན་ཆེན་རྒྱལ་མཚན། བླ་མ་ཆ་གན་པ། བླ་མ་གྲགས་ཆེན་པ། འཕགས་འོད་ཡོན་རྒྱམ། བུ་སྟོན་རིན་ཆེན་གྲུབ། རིན་ཆེན་རྣམ་རྒྱལ། ཤཱཀྱ་དཔལ་བ། དཀོན་མཆོག་རྒྱལ་མཚན། རྒྱལ་མཚན་བཀྲ་ཤིས། དབང་ཆེན་རྒྱལ་པོ། བྱང་ཆུབ་བཟང་པོ། རིན་ཆེན་ཀུན་ལྡན། ཀུན་དགའ་དོན་གྲུབ། ཀུན་དགའ་འབྱུང་གནས། བསོད་ནམས་མཆོག་གྲུབ། རྗེ་བསྟན་འཛིན་རྒྱ་མཚོ། ་་་་བསྟན་པ་རྒྱལ་མཚན་ཡང་འདུག་བློ་གྲོས་དབང་ཕྱུག་ཆོས་དབང་རྒྱ་མཚོ། ས་ཆེན་ཀུན་དགའ་བློ་གྲོས། མི་ཉག་པ་རི་ཁུག་སྤྲུལ་སྐུ་ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ། ངོར་མཁན་ཆེན་དཔལ་ལྡན་བློ་གྲོས་རྒྱལ་མཚན། དེས་བདག་བློ་གཏེར་ལའོ། །ཉེ་བརྒྱུད་ནི། གདུགས་དཀར་ནས། ཤཱཀྱ་དཔལ་བ་མན་འདྲའོ༎ ་༎གཤེགས་རིགས་ཀྱི་གཙུག་ཏོར་གཞན་གྱིས་མི་ཐུབ་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས་ལ་བརྟེན་ནས་གྲུབ་པའི་སློབ་དཔོན་ཤྲཱ་རིག་ཝརྨ་དང་། གྷི་ཏི་ཝ་ཏ་བི་མ་ལ་མི་ཏྲ་སོགས་ཀྱིས་བཀྲལ་བའི་གདུགས་དཀར་པོ་ཅན་ལྷ་བཅུ་བདུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་སྒྲུབ་དཀྱིལ་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཀུན་དགའ་འབྱུང་གནས་ཡན་གདུགས་དཀར་ལྷ་ཉེར་བདུན་མ་ལྟར་ལ། དེ་ནས། བློ་མཆོག་རྡོ་རྗེ། བསོད་ནམས་མཆོག་ལྡན། རྒྱལ་དབང་ལྔ་པ། ཕྲིན་ལས་རྣམ་རྒྱལ། ངག་དབང་བསྟན་འཛིན་ཕྲིན་ལས། ཁྲི་བྱང་ཆུབ་ཆོས་འཕེལ། རྒྱུད་སྟོད་བློ་བཟང་དར་རྒྱས། བྲག་ཡབ་གདོང་ཀཾ་རྡོ་རྗེ་འཛིན་པ་ངག་དབང་དམ་ཆོས་རྒྱ་མཚོ། དེས་བདག་བློ་གཏེར་ལའོ༎ ་༎