[A:25]
དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་ཏོར་ཀུན་ནས་སྒོར་འཇུག་པ་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་ཞེས་བྱ་བའི་གཟུངས་ལ་བརྟེན་ནས་མཉམ་མེད་ཇོ་བོ་ཆེན་པོས་བཀྲལ་བའི་གཙུག་ཏོར་དྲི་མེད་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ངག་དབང་ལེགས་གྲུབ་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། མཉམ་མེད་ཇོ་བོ་ཆེན་པོ་མར་མེ་མཛད། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ་ཤེས་རབ་འབར། བྱ་ཡུལ་བ་གཞོན་ནུ་འོད། སྐར་ཆུང་སྦྱིན་པ། གཟེ་པ་དོན་གྲུབ་ཡེ་ཤེས། ཁམས་པ་ཤཱཀྱ་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། ཐོག་སྟོན་ཤེས་རབ་རྡོ་རྗེ། མེས་སྟོན་གྲགས་པ་འོད་ཟེར། བླ་ཆེན་གྲགས་པ་རིན་ཆེན། ཀུན་མཁྱེན་ནམ་མཁའ་འོད་ཟེར། ཆོས་རྗེ་ནམ་མཁའ་ཚུལ་ཁྲིམས། སྐུ་ཞང་མཁྱེན་རབ་ཆོས་རྗེ། རྡོ་རིང་པ་ཀུན་དགའ་རྒྱལ་མཚན། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་རྗེ་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། ཆེན་པོ་བསོད་ནམས་རྒྱ་མཚོ། ཐར་གླིང་འཇམ་དཔལ་ཚུལ་ཁྲིམས། བྱང་གླིང་སྨོན་ལམ་བསམ་གཏན། བྱང་གླིང་རིན་ཆེན་སྐལ་བཟང་། བྱང་གླིང་རིན་ཆེན་ལྷུན་གྲུབ། ཞྭ་ལུ་རི་ཕུག་སྤྲུལ་སྐུ་བློ་གསལ་བསྟན་སྐྱོང་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ངོར་ཞབས་དྲུང་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། དེས་བདག་བློ་གཏེར་ལའོ། །ཡང་ན། རིན་ཆེན་བསོད་ནམས་མཆོག་གྲུབ་ནས། ཆེན་པོ་རིན་ཆེན་བཟང་པོ། ལོ་ཆེན་ངག་དབང་ཆོས་དཔལ་རྒྱ་མཚོ། འགྱུར་མེད་རིན་ཆེན་རྣམ་རྒྱལ། འགྱུར་མེད་བསླབ་གསུམ། མཁན་ཆེན་རིག་འཛིན་བཟང་པོ། འགྱུར་མེད་མཐུ་སྟོབས་