R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 53
[A:53] དེས་འབྲོག་ཁང་པ་རིན་ཆེན་སངས་རྒྱས་ཚེ་དཔལ་དང་། ཆོས་འཁོར་ཐར་གླིང་ལོག་པ་བསོད་ནམས་དཔལ་འབྱོར་གཉིས། གཉིས་ཀས་ལྷ་བོ་པ་རིན་ཆེན་རྒྱ་མཚོ། དེནས་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། ཆོས་འཁོར་སློབ་དཔོན་དཔལ་མཆོག་ཆེན་པོ་བསོད་ནམས་རྒྱ་མཚོ། བྱམས་པ་ཆོས་རྒྱལ། ཡེ་ཤེས་བཀྲ་ཤིས། ཞྭ་ལུ་རི་ཕུག་བླ་མ་རིན་ཆེན་ལྷུན་གྲུབ། ལྷ་བཙུན་དོན་གྲུབ་བསྟན་པའི་རྒྱལ་མཚན། སོག་པོ་འཇམ་དབྱངས་ཕྲིན་ལས། ཐར་རྩེ་མཁན་ཆེན་འཇམ་དབྱངས་རིན་ཆེན་རྡོ་རྗེ། དེས་བདག་བློ་གཏེར་ལའོ། །ཡང་ན། རྩ་སྐྱ་དཀོན་གྲགས་ནས། རྒྱ་གར་འཕན། ཆོས་ཀྱི་གྲགས་པ། ཁྲི་ཆེན་མོ། བསོད་ནམས་བཟང་པོ། བློ་གྲོས་དཔལ། བླ་མ་གྲགས་ཆེན། འཕགས་འོད་མན་འདྲ། ཡང་ན། རྩ་སྐྱ་དཀོན་གྲགས་ནས། ཤཱཀྱ་འབུམ། དབུས་པ་སངས་རྒྱས་འབུམ། ཆོས་སྐུ་འོད་ཟེར། འཕགས་འོད་མན་འདྲའོ། །སྨད་ལུགས་ཀྱི་བརྒྱུད་པ་ནི། བུནྡྷ་བཻ་རོ་ཙ་ན། ཤྲཱི་བཛྲ་པཱ་ཎི། མ་ཧཱ་སིདྷ་ར་བི་ཤྲཱི། ཨཱ་ཙཱཪྻ་བཛྲ་ཝརྨ། སིདྷཱ་ཙཱཪྻཱ་ནནྡ་གརྦྷ། མཉྫུ་ཤྲཱི་བི་མ་ལ་ཀིརྟི། སུ་བྷཱུ་ཏི་པཱ་ལི་ཏ། ཤྲདྡྷཱ་ཀ་ར་ཝརྨ། རཏྣ་བྷ་དྲ། སཱ་དྷཱུ་པྲཛྙཱ། རྐྱང་པོ་ཆོས་བློ། སུམ་སྟོན་ཡེ་འབར། ལྕེ་ཞར་བ། སྤྲུ་སྟོན་འབར་ཐོག་གཙང་ཡང་དག་རྡོ་རྗེ། གཙང་སྨྲ་བའི་སེང་གེ་ལྕེ་ཇོ་མདོ། ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་རྒྱམ། བུ་སྟོན་རིན་གྲུབ་མན་འདྲའོ། །དཔལ་མཆོག་རྡོར་སེམས་རིགས་བསྡུས་ཀྱི་དབུས་དཀྱིལ་ཟུར་དུ་ཕྱུང་ཞིང་། བརྒྱུད་པའང་རིགས་བསྡུས་སྨད་ལུགས་དང་གཅིག་པས་འདིར་ལོགས་སུ་མ་བཀོད་དོ༎ ་༎གཉིས་པ་ལ་གསུམ་གྱི། དང་པོ་དཔལ་ངན་སོང་སྦྱོང་བའི་རྒྱུད་ནས་གསུངས་པའི་དཀྱིལ་འཁོར་བཅུ་