[A:54]
གཉིས་ཏེ། དེའང་དོན་དམ་བདེན་པ་གཙོ་བོར་སྟོན་པའི་དཀྱིལ་འཁོར་དྲུག་ཀུན་རྫོབ་བདེན་པ་གཙོ་བོར་སྟོན་པའི་དཀྱིལ་འཁོར་དྲུག་སྟེ་བཅུ་གཉིས་ལས། དང་པོ་ཀུན་རིག་རྩ་བའི་དཀྱིལ་འཁོར། ཤཱཀྱ་ཐུབ་པ་སྐུའི་དཀྱིལ་འཁོར། ཚེ་དཔག་མེད་པ་གསུང་གི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར། མེ་ལྟར་འབར་བ་ཡོན་ཏན་གྱི་དཀྱིལ་འཁོར། འཁོར་ལོས་སྒྱུར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་ཏེ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དྲུག་གཉིས་པ་ཕྱག་ན་རྡོ་རྗེ་ལ་རྒྱལ་ཆེན་བཞིས་བསྐོར་བའི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ལ་ཕྱོགས་སྐྱོང་བཅུས་བསྐོར་བའི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ལ་གཟའ་བརྒྱད་རྒྱུ་སྐར་ཉེར་བརྒྱད་དང་བཅས་པས་བསྐོར་བའི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ལ་ཀླུ་ཆེན་བརྒྱད་གྱིས་བསྐོར་བའི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ལ་འཇིགས་བྱེད་དགུས་བསྐོར་བའི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ལ་ལྷ་ཆེན་བརྒྱད་གྱིས་བསྐོར་བའི་དཀྱིལ་འཁོར་ཏེ་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་བཅས། མདོར་ན་སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོ་བཅུ་གཉིས་སུ་དབང་བསྐུར་བ་ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཤཱཀྱ་ཐུབ་པ། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། ཛི་ན་མི་ཏྲ། སྭ་སྟི་ཕ་ལ། སྒྲ་གཅན་འཛིན། པྲཛྙཱ་པཱ་ལི་ཏེ། ཁ་ཆེ་ཡེ་ཤེས་རྡོ་རྗེ། པ་ར་ཧི་ཏ། སློབ་དཔོན་ཀུན་དགའ་སྙིང་པོ། རབ་འབྱོར་བསྐྱངས། ཁ་ཆེ་དྷརྨ་པཱ་ལ། ཛྙཱ་ན་ཤྲཱི། ལོ་ཆེན་རིན་ཆེན་བཟང་པོ། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། གཤེན་སྟོན་རྡོ་རྗེ་སེང་གེ་བླ་མ་རྒྱ་གསར་བ། འབྲོམ་ཛི་ཏི་པ། སྙེ་མདོ་བསོད་ནམས་དཔལ། གཉལ་པ་ཆོས་ཀྱི་གྲགས་པ། བྱ་སྟོན་རིན་ཆེན་འོད།