R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 55
[A:55] འཛིན་པ་བློ་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བླ་མ་མགོན་པོ་དབང་ཕྱུག་གཉན་ལོ་གྲགས་པ་བློ་གྲོས། མཁན་ཆེན་སངས་རྒྱས་སེང་གེ་པཎ་ཆེན་ནམ་མཁའ་དཔལ་བཟང་། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། དེའི་དབོན་ཤར་བ་ཤེས་རབ་འབྱུང་གནས། མཁས་གྲུབ་ཤཱཀྱ་ཀུན་དགའ། འཇམ་མགོན་ལྷུན་གྲུབ་དཔལ་ལྡན། རྗེ་བསྟན་འཛིན་ལྷུན་གྲུབ། ཐར་རྩེ་ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། ནམ་མཁའ་འཆི་མེད། འཆི་མེད་བསྟན་པའི་ཉི་མ། འཇམ་མགོན་རྡོ་རྗེ་རིན་ཆེན། རིན་ཆེན་བློ་གསལ་བསྟན་སྐྱོང་། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་དབང་བསོད་ནམས་རྒྱལ་མཚན། ངོར་ཁང་གསར་མཁན་ཆེན་འཇམ་དབྱངས་ཤེས་རབ་རྒྱ་མཚོ། དེས་བདག་བློ་གཏེར་ལའོ། །ཡང་ན། ནམ་མཁའ་དཔལ་བཟང་ཡན་གོང་ལྟར་ལ། དེ་ནས་ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། དབོན་མཁྱེན་བརྩེ་རབ་བརྟན། ཀུན་མཁྱེན་ཆོས་ཀྱི་ཉི་མ། དྲུང་གནས་སྦྱིན་པ་བསྟན་འཛིན། གླིང་སྨད་སློབ་དཔོན་བདེ་བ་རབ་བཟང་། རྗེ་ཀུན་དགའ་ཆོས་སྐྱོང་། སྐྱོ་མདའ་བ་ཀུན་དགའ་བསོད་ནམས། ནམ་མཁའ་འཆི་མེད་མན་འདྲའོ། །འཆི་བདག་འཇོམས་པ་སྦྱོང་དཀྱིལ་གྱི་ནང་ནས་ཟུར་དུ་ཕྱུང་པའི་སྦྱོང་རྒྱུད་ཐུགས་དཀྱིལ་དང་ལྷ་སྔགས་གཅིག་པས་དབང་ཟུར་དུ་མི་དགོས་ཤིང་། བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། སྒྲ་གཅན་འཛིན། ཀུན་དགའ་སྙིང་པོ། པྲཛྙཱ་པཱ་ལི་ཏ། པྲཛྙཱ་བོ་དྷི། མུཀྟི་ཀོ་ཥ། དྷརྨ་ཕཱ་ལ། ཇོ་བོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། གོ་མཱི་