[A:56]
སྒོམ་ཆེན། སྐྱི་ནོར་ཛྙཱ་ན། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། སྲས་པྲཛྙཱ་སིངྷ། སྣུར་བྱང་ཆུབ་འོད། སྣུར་ཉི་མ་རྒྱལ་མཚན། སྣུར་ཡེ་རྒྱལ། ཆོས་འཕགས་རྒྱལ་མཚན། འཕགས་འོད། བུ་སྟོན། རྒྱལ་མཚན་གྲགས་པ། བཀྲ་ཤིས་རིན་ཆེན། ངོར་ཆེན་མན་སྦྱོང་རྒྱུད་དང་འདྲ། ཡང་ན། ཤར་ཆེན་ཀུན་བཀྲས་ནས། ནམ་མཁའ་སངས་རྒྱས། དམ་ཆོས་བསམ་འགྲུབ། སངས་རྒྱས་ཕུན་ཚོགས། བསོད་ནམས་དཔལ་ལྡན། སངས་རྒྱས་བསྟན་པ། ནམ་མཁའ་བསམ་འགྲུབ་མན་འདྲའོ༎ ་༎གཉིས་པ་སྦྱོང་རྒྱུད་བརྟག་པ་དང་པོས་དངོས་བསྟན་ཀུན་རིག་རྩ་བའི་དཀྱིལ་འཁོར་ལྷ་སོ་བདུན་མགྲོན་ཐབས་དང་བཅས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ངོར་ཆེན་དཀྱིལ་ཆོག་དང་། དཀོན་ལྷུན་མཚམས་སྦྱོར་གཉིས་ཀྱི་སྟེང་ནས་ཐོབ་པའི་དང་པོ་སྨད་ལུགས་ཀྱི་བརྒྱུད་པ་ནི། སྟོན་མཆོག་ཐུབ་དབང་ཤཱཀྱའི་ཏོག་གསང་བདག་ཕྱག་ན་རྡོ་རྗེ། ཟ་ཧོར་གྱི་རྒྱལ་པོ་རབ་གསལ་ཟླ་བ། པཎྜི་ཏ་རབ་འབྱོར་བསྐྱངས། གྲུབ་ཆེན་ཀུན་དགའ་སྙིང་པོ། པཎྜི་ཏ་ཤེས་རབ་བསྐྱངས། སློབ་དཔོན་ཞི་བའི་སྙིང་པོ། སློབ་དཔོན་དགེ་མཚན་བཤེས་གཉེན། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། སློབ་དཔོན་དད་བྱེད་གོ་ཆ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་བློ་གྲོས་གྲགས་པ། ས་ཆེན་ཀུན་དགའ་སྙིང་པོ། དེས་གཉན་ཕུལ་བྱུང་བ་གཙུག་ཏོར་རྒྱལ་པོ་དང་། སློབ་དཔོན་བསོད་ནམས་རྩེ་མོ་གཉིས། གཉིས་ཀས་རྗེ་བཙུན་གྲགས་པ་རྒྱལ་མཚན། དེ་ནས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན། ཞང་དཀོན་མཆོག་དཔལ། ན་བཟའ་བག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་