R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 57
[A:57] ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། དེས་མུས་ཆེན་དཀོན་མཆོག་རྒྱལ་མཚན། དེས་ཀུན་མཁྱེན་བསོད་ནམས་སེང་གེ་དེ་གསུམ་གས་མུས་ཆེན་སངས་རྒྱས་རིན་ཆེན། དེ་ནས་མཚུངས་མེད་དཀོན་མཆོག་ལྷུན་གྲུབ། ཐུགས་སྲས་ཤེས་རབ་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང་། དེའི་དབོན་ནམ་མཁའ་སངས་རྒྱས། ཧོར་སེ་ཆེན་གན་ནམ་མཁའ་དཔལ་བཟང་། རྗེ་དམ་ཆོས་བསམ་འགྲུབ། དེ་གཉིས་ཀས་མཁས་གྲུབ་སངས་རྒྱས་ཕུན་ཚོགས། དེ་ནས་བྱམས་པ་ཚུལ་ཁྲིམས་དཔལ་བཟང་། བྱམས་པ་བསོད་ནམས་བཟང་པོ། མཁན་ཆེན་ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། ཐར་རྩེ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། ཀུན་དགའ་བསྟན་པའི་རྒྱལ་མཚན། རྡོ་རྗེ་འཆང་འཇམ་དབྱངས་རིན་ཆེན་རྡོ་རྗེ། དེས་བདག་བློ་གཏེར་ལའོ། །ཡང་ན། སངས་རྒྱས་རིན་ཆེན་ནས། ནམ་མཁའ་དཔལ་བཟང་མན་འདྲ། ཡང་ན། ནམ་མཁའ་དཔལ་བཟང་ནས། ངག་དབང་ཀུན་དགའ་བསོད་ནམས། ངག་དབང་བསོད་ནམས་དབང་ཕྱུག་ངག་དབང་ཀུན་དགའ་བཀྲ་ཤིས། ངག་དབང་བསོད་ནམས་རིན་ཆེན། ངག་དབང་ཀུན་དགའ་བློ་གྲོས་མན་འདྲ། ཡང་ན། ས་པཎ་ནས། ཀུན་དགའ་དཔལ་བ། བསོད་ནམས་བརྟན་པ། ཏི་ཤྲཱི་ཀུན་དགའ་བློ་གྲོས། དེ་གཉིས་ཀས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་མན་འདྲ། ཡང་ན། སངས་རྒྱས་རིན་ཆེན་ནས། སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་མན་འདྲ། ཡང་ན། ནམ་མཁའ་དཔལ་བཟང་ནས། བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། མཁས་བཙུན་ཀུན་དགའ་ལེགས་པ། སངས་རྒྱས་ཕུན་ཚོགས་