R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 58
[A:58] མན་འདྲ། ཡང་ན། ངོར་ཆེན་ནས། རྒྱལ་ཚབ་ཀུན་དགའ་དབང་ཕྱུག་ཡོངས་འཛིན་དཀོན་མཆོག་འཕེལ་བ། རྒྱལ་བ་ལྷ་མཆོག་སེང་གེ་སངས་རྒྱས་སེང་གེ་མན་འདྲའོ། །ཁ་ཆེ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་སེམས་དཔའ། དཔེ་མེད་སྲུང་བ། རིན་ཆེན་འབྱུང་གནས་ཞི་བ། འཇིགས་མེད་འབྱུང་གནས་སྦས་པ། རྡོ་རྗེ་གདན་པ། ཁ་ཆེ་རྣམ་བཤད་ལྷ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། རབ་འབྱོར་ཟླ་བ། གཡག་སྡེ་ལོ་ཙཱ་བ་བསོད་ནམས་སེང་གེ་ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བློ་གྲོས་བརྟན་པ། དཔལ་ལྡན་ཚུལ་ཁྲིམས་མན་འདྲའོ། །ཆགས་ལུགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སྒྲ་གཅན་འཛིན། ཀུན་དགའ་སྙིང་པོ། རབ་འབྱོར་བསྐྱངས། ཤཱནྟི་པ། རྡོ་རྗེ་གདན་པ། ཨ་བྷཱ་ཡ་ཀ་ར། ཁ་ཆེ་ཛྙཱ་ན་ཤྲཱི། ནིཥྐ་ལངྒ་དེ་བ། རྡོ་རྗེ་གདན་པ་ཆུང་བ་དོན་ཡོད་རྡོ་རྗེ། སློབ་དཔོན་རཱ་ཝེནྡྲ། ཆག་ལོ་ཆོས་རྗེ་དཔལ། གཡག་སྡེ་བསོད་ནམས་སེང་གེ་པཎྜི་ཏ་རྡོ་རྗེ་ཤེས་རབ། ཞར་དཀོན་མཆོག་དཔལ་མན་གོང་སྨད་ལུགས་དང་འདྲ། ཡང་ན། གཡག་སྡེ་བསོད་སེང་ནས། ལོ་ཙཱ་བ་མཆོག་ལྡན། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས་མན་འདྲའོ། །སྟོད་ལུགས་ཀྱི་བརྒྱུད་པ་ནི། རྣམ་པར་སྣང་མཛད། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སྒྲ་གཅན་འཛིན། ཀུན་དགའ་སྙིང་པོ། པྲཛྙཱ་པཱ་ལི་ཏ། པྲཛྙཱ་བོ་དྷི། མུཀྟི་ཀོ་ཥ། དྷརྨ་པཱ་ལ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། གོ་མི་སྒོམ་ཆེན། སྐྱི་ནོར་ཛྙཱ་ན། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། དེའི་སྲས་སྣུར་བཛྲ་སིངྷ། སྣུར་བྱང་ཆུབ་འོད། སྣུར་ཉི་མ་རྒྱལ་མཚན། བླ་མ་རིན་ཆེན་ཤེས་རབ། ཡང་རྩེ་བ་རིན་ཆེན་སེང་གེ་བུ་སྟོན་རིན་ཆེན་གྲུབ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ།