[A:59]
བླ་མ་བཀྲ་ཤིས་རིན་ཆེན། ངོར་ཆེན་ཀུན་དགའ་བཟང་པོ་མན་གོང་སྨད་ལུགས་དང་འདྲ། ཡང་ན། སྣུར་ཉི་འོད་ནས། རྩ་སྐྱ་སྟོན་གྲགས། སློབ་དཔོན་སྟོན་འབུམ། དབུས་པ་སངས་རྒྱས་འབུམ། དགེ་ལྡིང་པ་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད། བུ་སྟོན་མན་འདྲ། ཡང་ན། སྣུར་ཉི་འོད་ནས། གཉེན་རྡོ་རྗེ་སེང་གེ་གླན་ཆོས་ཀྱི་འབྱུང་གནས། གཏུམ་སྟོན་ཤཱཀྱ་འབུམ། འཛིམ་པ་རིན་ཆེན་ཤེས་རབ། ཡང་རྩེ་བ་རིན་ཆེན་སེང་གེ་མན་འདྲ། ཡང་ན། པྲཛྙཱ་པཱ་ལི་ཏ་ནས། གོ་མཱི་དགེ་བསྙེན། ཤཱཀྱ་ཛྙཱ་ན། ཇོ་བོ་རྗེ་མན་འདྲ། ཡང་ན། པྲཛྙཱ་པཱ་ལི་ཏ་ན། དྷརྨ་པཱ་ལ། རབ་འབྱོར་བསྐྱངས། ཇོ་བོ་རྗེ་མན་འདྲ། ཡང་ན། རབ་གསལ་ཟླ་བ་ནས། ཡེ་ཤེས་རྡོ་རྗེ། ཀུན་དགའ་སྙིང་པོ་མན་འདྲ། ཡང་ན། རྣམ་སྣང་། ཛཻ་ཏཱ་རི། ཀུན་སྙིང་། རབ་འབྱོར་བསྐྱངས། ནཱ་ཡ་ཀ་པ། མཻ་ཏྲི་པ། རྡོ་རྗེ་གདན་པ། ནིཥྐ་ལངྐ་དེ་བ། རེ་ཝེནྡྲ། ཆག་ལོ། གཡག་སྡེ་ལོ་ཙཱ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ་བུ་སྟོན་མན་འདྲའོ། །སྨད་ལུགས་ཀྱི་བརྒྱུད་པ་ཡང་ན། ཀུན་དགའ་སྙིང་པོ་ཡན་སྔ་མ་ལྟར་ལ། དེ་ནས་དེ་བཞིན་གཤེགས་པའི་རྡོ་རྗེ། དད་བྱེད་གོ་ཆ། ལོ་ཆེན་རིན་བཟང་། ལོ་ཆུང་ལེགས་ཤེར། སུམ་སྟོན་ཡེ་འབར། གཉན་སྟོན་ཚུལ་འབར། ཐོད་པ་དབེན་ཚ་གྲགས། ཐོད་པ་འོད་ཟེར། རི་ལུང་ཕུག་པ་ཆོས་མགོན། བླ་མ་བློ་ལྡན་སེང་གེ་འཕགས་འོད་ཡོན་རྒྱམ། བུ་སྟོན་མན་འདྲ། ཡང་ན། རི་ཕུག་ཆོས་མགོན་ནས། དམར་ཆོས་ཀྱི་རྒྱལ་པོ། བླ་ཆེན་འཕགས་པ། པཎྜི་ཏ་རྡོ་རྗེ་ཤེས་རབ། བླ་མ་འཕགས་རྒྱལ། བླ་མ་རིན་ཆེན་དཔལ་བཟང་། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ཚུལ་མན་འདྲའོ༎ ་༎གསུམ་པ་ངན་སོང་སྦྱོང་བའི་བརྟག་པ་ཕྱོགས་གཅིག་པ་ནས་གསུངས་