[A:60]
པའི་ཤཱཀྱ་སེང་གེ་གཙུག་ཏོར་དགུ་པའི་དཀྱིལ་འཁོར་དུ་བུ་སྟོན་གྱི་དཀྱིལ་ཆོག་ལ་བྱང་གླིང་པ་བཀྲ་ཤིས་རྒྱན་མཚན་གྱི་ལྷན་ཐབས་སྦྱར་བའི་སྟེང་ནས་དབང་བསྐུར་བ་ཐོབ་པའི་དང་པོ་སྟོད་ལུགས་ཀྱི་བརྒྱུད་པ་ནི། སྟོན་པ་རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། ཆོས་རྒྱལ་རབ་གསལ་ཟླ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེ། གྲུབ་ཆེན་ཀུན་དགའ་སྙིང་པོ། པྲཛྙཱ་པཱ་ལི་ཏ། གོ་མཱི་དགེ་བསྙེན། ཤཱཀྱ་ཛྙཱ་ན། ཇོ་བོ་རྗེ་ཨ་ཏི་ཤ། གོ་མཱི་སྒོམ་ཆེན། སྐྱི་ནོར་ཛྙཱ་ན། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། ཟླུམ་སྟོན་ཡོན་ཉན་གྲགས་པ། རྩ་སྐྱ་མཉམ་ཁད་པ། རྩ་སྐྱ་ཁྲི་སྟོན། དེ་སྲས་བསོད་ནམས་བཟང་པོ། དེ་གཉིས་ཀས་གསལ་བ་བློ་གྲོས་དཔལ། བླ་མ་གྲགས་ཆེན་པ། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། དཀའ་བཞི་པ་རིན་ཆེན་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། རིན་ཆེན་རྒྱལ་པོ། སྐུ་ཞང་རིན་ཆེན་བསོད་ནམས་མཆོག་གྲུབ། བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། རིན་ཆེན་དཔལ་ལྡན་ཆོས་བཟང་། ལྷ་བོ་པ་རིན་ཆེན་རྒྱ་མཚོ། རིན་ཆེན་བསོད་ནམས་མཆོག་གྲུབ། རིན་ཆེན་བསོད་ནམས་རྒྱ་མཚོ། རིན་ཆེན་འཇམ་དཔལ་དོན་གྲུབ། འཇམ་མགོན་གསུང་རབ་རྒྱ་མཚོ། ལྕེ་བཙུན་བསྟན་འཛིན་ཕྲིན་ལས། ཡེ་ཤེས་དཔལ་འབྱོར། བློ་གསལ་བསྟན་སྐྱོང་། བློ་བཟང་མཁྱེན་རབ། ཐར་རྩེ་མཁན་ཆེན་འཇམ་དབྱངས་རིན་ཆེན་རྡོ་རྗེ། དེས་བདག་བློ་གཏེར་ལའོ། །ཡང་ན། སྣུར་ཉི་ནས། སྦུ་སྟོན་འབར་ཐོག་ཡང་དག་རྡོ་རྗེ། འབྱུང་གནས་སེང་གེའམ་སྨྲ་སེང་། ལྕེ་མདོ་སྡེ་སེང་གེ་ཆོས་སྐུ་འོད་ཟེར། བློ་ལྡན་སེང་གེ་འཕགས་འོད་མན་འདྲ། སྨད་ལུགས་ཀྱི་བརྒྱུད་པ་ནི། ཐུབ་དབང་། ཕྱག་ནོར། རབ་གསལ་ཟླ་བ། དེས་པད་དཀར་ཡེ་ཤེས། ཡེ་ཤེས་རྡོ་རྗེ།