R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 61
[A:61] སྒྲ་གཅན་འཛིན་བཟང་པོ། ཉི་མའི་སྙིང་པོ་སྟེ་སློབ་མའི་མཆོག་བཞི་ལ། དེ་བཞི་ཀས་ཀུན་དགའ་སྙིང་པོ་ལ། དེནས་ཐ་ག་ན་པ། ངག་དབང་གྲགས་པ། བྷ་ལེན་ཤཱནྟི། མི་བསྐྱོད་རྡོ་རྗེ། ཤྲདྡྷཱ་ཀ་ར། ལོ་ཆེན་རིན་བཟང་། ལོ་ཆུང་ལེགས་ཤེར། ཤངས་ཆབ་ལྷ་ཁང་གི་སུམ་སྟོན་ཡེ་འབར། གཡག་སྡེའི་གཉན་སྟོན་ཚུལ་ཁྲིམས་འབར། ཐོད་པ་དབེན་རྩ་གྲགས། དགེ་བཤེས་ཇོ་ཕུར། ཐོད་པ་འོད་ཟེར། རོང་པ་ཆོས་མགོན། ལྕེ་བཙུན་བློ་ལྡན་སེང་གེ་འཕགས་ལོད། བུ་སྟོན། རིན་ཆེན་རྣམ་རྒྱལ་མན་སྟོད་ལུགས་ལྟར་རོ། །ཁ་ཆེའི་ལུགས་ཀྱི་བརྒྱུད་པ་ནི། ཐུབ་དབང་། ཕྱག་རྡོར། ཛྙཱ་ན་ཤྲཱི་མི་ཏྲ། ངག་གི་དབང་ཕྱུག་གྲགས་པ། ཨ་བྷྱཱ་ཀ་ར། རྡོ་རྗེ་གདན་པ། བི་ཁྱཱ་ཏ་དེ་བ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། དཱ་ན་ཤྲི་ལ། གཡག་སྡེ་ལོ་ཙཱ་བ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། དཔལ་ལྡན་སེང་གེ་བུ་སྟོན་མན་འདྲའོ༎ ་༎དབང་བཀའ་གསུམ་པ་འཇམ་དཔལ་མཚན་བརྗོད་ཡོ་ག་ལྟར་བཀྲལ་བའི་སྐོར་ལ། འགྲེལ་པ་ཆེ་འབྲིང་ཆུང་གསུམ་ཡོད་པ་ལས། དང་པོ་སློབ་པདཔོན་འཇམ་དཔལ་གྲགས་པས་བཀྲལ་བའི་འགྲེལ་ཆེན་ལུགས་ཆོས་དབྱིངས་གསུང་གི་དབང་ཕྱུག་རྩ་བའི་དཀྱིལ་འཁོར། ཆོས་ཀྱི་དཀྱིལ་འཁོར། གཟུངས་ཀྱི་དཀྱིལ་འཁོར་གསུམ་ལ་འཇིག་རྟེན་ལས་འདས་པའི་ལྷ་བརྒྱ་དང་ཉི་ཤུ་རྩ་ལྔ། རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ལ་འཇིག་རྟེན་པའི་ལྷ་བརྒྱ་དང་བཞི་སྟེ་ཡོངས་དྲིལ་ལྷ་ཉིས་བརྒྱ་དང་ཉི་ཤུ་རྩ་དགུའི་དཀྱིལ་འཁོར་ཆེན་པོར་བུ་སྟོན་གྱི་དཀྱིལ་ཆོག་དང་། ཡེ་ཤེས་རྒྱལ་མཚན་གྱི་ངག་འདོན་བཅས་པའི་སྟེང་ནས་སྟ་གོན་དང་འཇུག་པ་རྡོ་རྗེ་སློབ་མའི་དབང་སྔོན་དུ་འགྲོ་བའི། ཤར་རྡོ་རྗེའི་རིགས། ལྷོ་རིན་ཆེན་རིགས། ནུབ་པདྨའི་རིགས། བྱང་