R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 62
[A:62] ལས་ཀྱི་རིགས། དབུས་རིགས་ཀྱི་འཁོར་ལོས་སྒྱུར་བ་དེ་བཞིན་གཤེགས་པའི་རིགས་ཏེ་རྣམ་པ་ལྔའི་རྡོ་རྗེ་སློབ་དཔོན་གྱི་དབང་སོ་སོར་རྒྱས་པར་བསྐུར་བ་དང་། ཐུན་མོང་དུ་ལུང་བསྟན་པ་སོགས་ནས་དཀྱིལ་འཁོར་མཆོད་པ་དང་། གསང་བར་གདམས་པའི་བར་མཐར་ཆགས་སུ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པ་འི་སངས་རྒྱས། རྗེ་བཙུན་འཇམ་དཔལ་དབྱངས། ཁ་ཆེ་ཡེ་ཤེས་རྡོ་རྗེ། སློབ་དཔོན་འཇམ་དཔལ་གྲགས་པ། མཁས་པ་དཔལ་སྦས་བཟང་པོ། བྲམ་ཟེ་ཡེ་ཤེས་རྡོ་རྗེ། ཤེས་རབ་འབྱུང་གནས་སྦས་པ། བྲམ་ཟེ་བཞད་པའི་རྡོ་རྗེ། པདྨ་ཀ་ར་ཝརྨ། ཤྲ་དྡྷཱ་ཀ་ར་ཝརྨ། དེ་གཉིས་ཀས་ལོ་ཆེན་རིན་ཆེན་བཟང་པོ། དེ་ནས་ལོ་ཆུང་ལེགས་པའི་ཤེས་རབ། རྔོག་དགེ་སེར་བ། རྐྱང་པོ་དར་མ་གྲགས། ཁྲི་སྟོན་ཀུན་དགའ་འོད་ཟེར། མཁན་པོ་ཆོས་ཀྱི་རྡོ་རྗེ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་གྲགས་པ་རྒྱལ་མཚན། ཤར་ཆེན་ཡེ་ཤེས་རྒྱ་མཚོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། དེས་མཁས་གྲུབ་རིག་པའི་གློག་ཕྲེང་དང་། འཁྲུལ་ཞིག་བློ་གྲོས་ཐོགས་མེད་གཉིས། གཉིས་ཀས་ནོར་བུ་གླིང་པ་ནོར་བུ་རྡོ་རྗེ། དེ་ནས་འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། དོན་གྲུབ་གླིང་པ་པཎ་ཆེན་བསོད་ནམས་མཆོག་ལྡན། དམ་ཆོས་གླིང་པ་ཀུན་དགའ་དབང་པོ། རྔོག་སྟོན་ནམ་མཁའ་མཛོད་པ། རྗེ་མང་ཐོས་རྒྱ་མཚོ། སྒྱི་ཆུ་མཁན་ཆེན་བློ་གྲོས་དབང་ཕྱུག་སེམས་བསྐྱེད་གླིང་པ་ཀུན་དགའ་ཆོས་འཕེལ། ཁང་ལྟག་དགེ་བཤེས་བསོད་ནམས་དོན་ལྡན། གསེར་འབུམ་ཆོས་རྗེ་ཕུན་ཚོགས་རྣམ་རྒྱལ། རོང་པ་ཆོས་རྗེ་དཀོན་མཆོག་སྦྱིན་པ། དེས་བྱང་འདྲེན་ཆེན་མོ་ཕུན་ཚོགས་ཆོས་འཕེལ་དང་། འབྲས་བུ་གླིང་