R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 63
[A:63] པ་སློབ་དཔོན་དགེ་འདུན་རབ་རྒྱས་གཉིས། གཉིས་ཀས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་ཆོས་རྗེ་བླ་མ་ཀུན་དགའ་འཇམ་དབྱངས། དེས་བདག་བློ་གཏེར་ལའོ། །ཡང་ན། མང་ཐོས་རྒྱ་མཚོ་ནས། བླ་མ་ཆོས་གྲགས་དར་རྒྱས། རྣམ་གྲོང་ཆོས་དབང་རྒྱ་མཚོ། མང་ཐོས་བསོད་ནམས་རྒྱ་མཚོ། ཁང་ལྟག་བསོད་ནམས་དོན་ལྡན་མན་འདྲའོ༎ ་༎གཉིས་པ་སློབ་དཔོན་སྒེག་པའི་རྡོ་རྗེས་བཀྲལ་བའི་འགྲེལ་པ་འབྲིང་པོའི་ལུགས་འཇམ་དཔལ་གསང་ལྡན་ལྷ་ལྔ་བཅུ་རྩ་གིཉསགཉིས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཁྱུང་ལྷས་པ་དང་ཡོངས་གྲགས་རྒྱ་བོའི་དཀྱིལ་ཆོག་ལ། དགེ་འདུན་དཔལ་བཟང་གི་ལྷན་ཐབས་སྦྱར་བའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། འཕགས་པ་འཇམ་དཔལ། འཇམ་དཔལ་བཤེས་གཉེན། སྒེག་པའི་རྡོ་རྗེ། ཉི་མའི་སྙིང་པོ། སཱུཪྻ་སིདྡྷིཾ། ཆོས་ཀྱི་རྡོ་རྗེ། མུ་ཏྲ་སིདྡྷི། དེས་དེ་ཝ་ཤྭ་ར་དང་། སྨྲྀ་ཏི་ཛྙཱ་ན་གཉིས། གཉིས་ཀས་རྔོག་སངས་རྒྱས་ཡོན་ཏན། ཕྱི་མ་གཉིས་ཀས་ཚངས་སྡེ་ངག་གི་དབང་ཕྱུག་དེས་ཁམས་པ་ཤེས་རབ་རྡོ་རྗེ་དང་། བྱེ་མ་ལུང་པ་གཉིས། གཉིས་ཀས་རྔོག་ཆོས་ཀྱི་རྡོ་རྗེ། དེ་ནས་རྔོག་མདོ་སྡེ། རྩག་དར་མ་རྒྱལ་པོ། ཚུར་དུམ་བུ་ཁམས་པ། དགེ་བཤེས་བཟང་པོ་པ། རྔོག་རིན་ཆེན་བཟང་པོ། རྔོག་ཆོས་ཀྱི་རྒྱལ་པོ། རྔོག་དོན་གྲུབ་དཔལ། རྔོག་བྱང་ཆུབ་དཔལ། རྔོར་འཛིན་ཀརྨ་ཕྲིན་ལས། རྔོག་བྱང་ཆུབ་གྲགས་པ། གཉིས་ཀས་རྔོག་བསོད་ནམས་ལྷུན་གྲུབ། དེ་ནས་རྔོག་བསོད་ནམས་བསྟན་འཛིན། ཞབས་དྲུང་འཇམ་དབྱངས་འོད་ཟེར། ཐར་གླིང་པ་བསོད་ནམས་དཔལ་འབྱོར། ཀུན་དགའ་མང་ཐོས་རྒྱ་མཚོ། གོང་དཀར་ཕུན་ཚོགས་རྒྱ་མཚོ། བྱམས་པ་ཆོས་རྒྱལ། རྗེ་