R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 65
[A:65] ལེགས་པར་བཀྲལ་བའི་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་པའི་དཀྱིལ་འཁོར་དུ་རྗེ་ངག་དབང་ལེགས་གྲུབ་ཀྱི་སྒྲུབ་དཀྱིལ་ནག་འགྲོས་དང་། སྔགས་ཆེན་ཀུན་དགའ་རིན་ཆེན་གྱི་མཚམས་སྦྱོར་གཉིས་ཀྱི་སྟེང་ནས་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ལ། ཐོག་མར་ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པའི་རྗེས་སུ་འབྲང་བ་ས་ལུགས་ཀྱི་དབང་བཀའ་རྙིང་མའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། དཔལ་ཕྱག་ན་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། རྒྱལ་པོ་པི་སུ་ཀལྤ། བྲམ་ཟེ་ས་ར་ཧ་པ། འཕགས་པ་ཀླུ་སྒྲུབ། དེས་ཨཱཪྻ་དེ་ཝ། ཤཱཀྱ་བཤེས་གཉེན། ཀླུའི་བྱང་ཆུབ། མ་ཏཾ་གི་པ། ཟླ་བ་གྲགས་པ་སྟེ་ལྔ། ལྔ་ཀས་སློབ་པའི་རྡོ་རྗེ། དེ་ནས་ནག་པོ་སྤྱོད་པ། ས་འདྲེས་པ་ཆེན་པོ། དེས་པཎྜི་ཏ་ཆེན་པོ་བཱི་དྱ་བྷ་དྲ། དེ་ཝ་ཨ་ཀ་ར་ཙནྡྲ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་གསུམ། གསུམ་གས་འགོས་ཁུག་པ་ལྷས་བཙས། དེ་ནས་དབུས་པ་དགེ་སེར། གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན། དར་མ་རྒྱལ་མཚན། ས་ཆེན་ཀུན་དགའ་སྙིང་པོ། ཁའུ་པ་རྡོ་རྗེ་བདུད་འཇོམས། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་ཆེན་ཀུན་དགའ་རྒྱལ་མཚན། འཕགས་པ་བློ་གྲོས་རྒྱལ་མཚན། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རི་ཁྲོད་པ་བློ་གྲོས་བརྟན་པ། དེ་གཉིས་ཀས་བླ་མ་དཔལ་ལྡན་ཚུལ་ཁྲིམས། དེ་ནས་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། གོ་རམས་པ་བསོད་ནམས་སེང་གེ་ཡོངས་འཛིན་དཀོན་མཆོག་འཕེལ་བ། རྗེ་བཙུན་སངས་རྒྱས་རིན་ཆེན། ས་ལོ་འཇམ་དབྱངས་ཀུན་དགའ་