[A:66]
བསོད་ནམས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཀུན་དགའ་རིན་ཆེན། སྤྱན་སྔ་དཀོན་མཆོག་རྒྱལ་མཚན། དེས་མུས་ཆེན་སངས་རྒྱས་རྒྱལ་མཚན་དང་། སྔགས་འཆང་གྲགས་པ་བློ་གྲོས་གཉིས། གཉིས་ཀས་ཨ་མེས་ཞབས་ཀུན་དགའ་བསོད་ནམས། སྔགས་འཆང་ངག་དབང་ཀུན་དགའ་བཀྲ་ཤིས། རྗེ་དཀོན་མཆོག་རྒྱལ་པོ། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ངག་དབང་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་གམ། ཡང་ན། ཀུན་དགའ་བསྟན་འཛིན་ནས། དཔོན་སློབ་ངག་དབང་ལེགས་གྲུབ། གྲུབ་མཆོག་བསོད་ནམས་བཟང་པོ། སྤྲུལ་སྐུ་ཤེས་རབ་རྒྱ་མཚོ། མཁན་ཆེན་དཔལ་ལྡན་བློ་གྲོས་རྒྱལ་མཚན། དེས་བདག་བློ་གཏེར་ལའོ། །ཡང་ན། གོ་རམས་པ་བསོད་ནམས་སེང་གེ་ནས། པཎ་ཆེན་དབང་ཕྱུག་གྲུབ་པ། འཇམ་དབྱངས་ངག་གི་དབང་ཕྱུག་སྔགས་འཆང་ཀུན་དགའ་རིན་ཆེན་མན་འདྲ། ཡང་ན། རྗེ་བཙུན་སངས་རྒྱས་རིན་ཆེན་ནས། རྗེ་དཀོན་མཆོག་རིན་ཆེན། དཀོན་མཆོག་རྒྱ་མཚོ། བསོད་ནམས་ལྷུན་གྲུབ། ངག་དབང་ཆོས་གྲགས། ངག་དབང་རྣམ་རྒྱལ། སྔགས་འཆང་ཀུན་དགའ་བཀྲ་ཤིས་མན་འདྲ། ཡང་ན། ཡབ་རྗེ་བསོད་རིན་ནས། རྗེ་སེང་གེ་རྒྱལ་མཚན། ས་ཆེན་ཀུན་བློ་མན་འདྲའོ། །བཀའ་བབས་བདུན་ལྡན་དུ་བཞུགས་པ་ལྟར་ན། དང་པོ་འགོས་ལུགས་ཀྱི་བརྒྱུད་པ་ནི། འགོས་ཁུག་པ་ལྷས་བཙས་ཡན་སྔར་བཞིན་ལ། གཞན་ཡང་རྗེ་འགོས་ཀྱིས་པཎྜི་ཏ་བླ་མ་བདུན་ཅུ། མཁའ་འགྲོའི་བླ་མ་གཉིས་དང་བཅས་པ་ལས་གསན། དེ་ནས་མདར་བ་སེང་གེ་རྒྱལ་མཚན། རྔོག་