R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 72
[A:72] པའི་དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་རྗེ་ངག་དབང་ལེགས་གྲུབ་ཀྱི་སྒྲུབ་དཀྱིལ་དང་། ཀུན་བློའི་མཚམས་སྦྱོར་གྱིཨིགྱི་སྟེང་ནས་སྟ་གོན་འཇུག་པ་སྔོན་འགྲོའི་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ལ་བཀའ་བབས་དྲུག་དང་ལྡན་པ་ལས། དང་པོ་ལོ་ཆེན་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དཔལ་དབྱངས། སློབ་དཔོན་སངས་རྒྱས་ཡེ་ཤེས། དཔལ་མར་མེ་མཛད་བཟང་པོ། ཀུན་དགའ་སྙིང་པོ། ཐ་ག་ན། རིན་ཆེན་འབྱུང་གནས་ཞི་བ། དད་བྱེད་གོ་ཆ། པདྨཱ་ཀ་ར་ཝརྨ། དེ་གཉིས་ཀས་ལོ་ཆེན་རིན་ཆེན་བཟང་པོ། དེ་ནས་རྐྱང་པོ་ཆོས་ཀྱི་བློ་གྲོས། དགེ་བཤེས་སྐྱབས་ཀྱི་སེང་གེ་རྡོ་རྗེ་སྲ་བརྟན། དཀོན་མཆོག་འབར། གཡག་སྡེ་པ་དབང་ཕྱུག་རིན་ཆེན། ཁམས་པ་ས་ཕུག་པ་ཤཱཀྱ་རྡོ་རྗེ། རོང་པ་ཆོས་མགོན། མང་མཁར་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ་བུ་སྟོན་རིན་ཆེན་གྲུབ། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། ཤར་ཆེན་ཡེ་རྒྱལ། ངོར་ཆེན་ཀུན་བཟང་། རྒྱལ་ཚབ་ཀུན་དབང་། གོ་རམས་པ་བསོད་སེང་། རྗེ་བཙུན་སངས་རིན། ས་ལོ་ཀུན་བསོད་དམ་འཇམ་དཔལ་རྡོ་རྗེ། དཀོན་མཆོག་ལྷུན་གྲུབ། སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་། དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེར་འབྱུང་། ཤར་པ་ཡེ་ཤེས་བཟང་པོ། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། བཀྲ་ཤིས་ལྷུན་གྲུབ། སངས་རྒྱས་ཡེ་ཤེས། ཀུན་དགའ་བློ་གྲོས། དེས་ནམ་མཁའ་འཆི་མེད་དང་། ཀུན་དགའ་མཁས་གྲུབ་དབང་པོ་གཉིས། གཉིས་ཀས་བྱམས་པ་ཀུན་དགའ་བསྟན་འཛིན། དེས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། དཔལ་ལྡན་བློ་གྲོས་རྒྱལ་མཚན་གཉིས།