R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 73
[A:73] གཉིས་ཀས་བདག་བློ་གཏེར་ལའོ། ཡང་ན་ཞྭ་ལུའི་བརྒྱུད་པ་ནི། སངས་རྒྱས་ཡེ་ཤེས་ནས། མུས་ཆེན་བསོད་ནམས་དཔལ་བཟང་། གྲུབ་དབང་ཆོས་ཉིད་ཡེ་ཤེས། བྱམས་པ་བསོད་ནམས་དབང་ཕྱུག་འཇམ་མགོན་ཀུན་དགའ་རྒྱལ་མཚན། འཇམ་མགོན་རྡོ་རྗེ་རིན་ཆེན། ཞྭ་ལུ་བློ་གསལ་བསྟན་སྐྱོང་། མཁྱེན་བརྩེའི་དབང་པོ་མན་འདྲའོ། །གཉིས་པ་ས་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དཔལ་རྡོ་རྗེ། སངས་རྒྱས་ཡེ་ཤེས། མར་མེ་མཛད། དཔལ་བདེ་བ། དྲི་མེད་སྦས་པ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། རི་སུལ་གྱི་རྣལ་འབྱོར་མ། བླ་མ་སེནྡྷ་བ། གཉན་ལོ་དར་མ་གྲགས། གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན། ས་སྐྱའི་གོང་མ་རྣམ་ལྔ། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་བཀྲ་ཤིས་དཔལ། ཀུན་དགའ་བསོད་ནམས། ཁམས་པ་རྡོ་རྗེ་དཔལ། སྤང་ཁང་གྲགས་པ་དཔལ། ཀུན་མཁྱེན་གངས་ཁྲོད་པ། ས་བཟང་པཎ་ཆེན་མ་ཏི་དྷྭ་ཛ། དེ་དབོན་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་མན་འདྲའོ། གསུམ་པ་ཁ་ཆེ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དབྱངས། སངས་རྒྱས་ཡེ་ཤེས། མར་མེ་མཛད། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། ཁ་ཆེ་གངྒཱ་དྷ་ར། པཎྜི་ཏ་བི་ན་ཤྲཱི། ཁམས་པ་རྡོ་རྗེ་དཔལ་མན་འདྲའོ། །བཞི་པ་གཉོས་ལུགས་ཀྱི་བརྒྱུད་པ་ནི། དྲི་མེད་སྦས་པ་ཡིན་གོང་ས་ལུགས་ལྟར་ལ། དེ་ནས་སེང་གེའི་རྣལ་འབྱོར་རཏྣ་ཤྲཱི། ཁ་ཆེ་ཛྙཱ་ན་ཤྲཱི། བ་ལིནྟ་ཨཱ་ཙཱཪྻ། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས། གཉོས་རྡོ་རྗེ་བླ་མ། གཉོས་དཔལ་ལེ། གཉོས་གྲགས་པ་དཔལ། གཉོས་རྒྱལ་བ་ལྷ་ནང་པ་གཟི་བརྗིད་དཔལ། སྟོན་མོ་ལུང་པ་ཡེ་ཤེས་དཔལ། ཀུན་མཁྱེན་ཆོས་འོད། འཕགས་འོད། བུ་སྟོན་མན་ལོ་ཆེན་ལུགས་དང་འདྲའོ། །