ཁོང་སྔར་བས་མཚམས་དམ་པར་བྱས། རོལ་མོའི་སྒྲ་ཡང་ཐེངས་དྲུག་ཏུ་འཁྲོལ་ཞིང་འདུག་ཟེར། དཔལ་གྱི་རྡོ་རྗེའི་སྒོམ་ཁང་གི་མདུན་དུ་ཕྱིན་ནས་བལྟས་པས། ཐ་་་་མཐའ་་་་རྒྱ་བྲིས་སྒོ་ལ་འདོམ་་་་སྡོམ་་་་བ་ར་བི་རའི་དྲ་བ་དང་གྲོག་ཞིང་ཀད་དེ་འདུག་པས། ནང་དར་དཀར་གྱི་ཡོལ་བའི་ཕག་ན་སྤྱང་རླག་་་སློག་་་་དང་བྱ་རྒོད་ཀྱི་ཐུལ་པ་བཞག དཀར་ཁུང་ཆུང་ཆུང་མ་གཅིག་གི་བ་གམ་བྱ་སྤུ་ཏུལ་ལེ་བྱས་ནས་འདུག་དེ་ནས་མི་ཀུན་ན་རེ། རྒྱལ་པོ་ཆོས་ལ་མི་དགེས་པས་ལྷ་འདྲེས་བཀྲོངས་པ་ཡིན་ཟེར། དཔལ་གྱི་རྡོ་རྗེས་མངོན་པ། འདུལ་བ། མདོ་སྡེ། འོད་ལྡན་ཀརྨ་ཤ་དམ་གསུམ་ཁུར་ནས་ཁམས་ན་མར་བྲོས་ཕྱིན་ནོ། རྒྱལ་པོས་ཆོས་སྣུབ་དུས་སུ། གཡོ་རུ་སྡོད་གན་བྱང་ཆུང་གི་དམར་ཤཱཀྱ་མུ་ནེ། ལྷོ་འབྲོག་གི་གཡོ་དགེ་བའི་འབྱུང་གནས། འཇད་ཁྱེལ་གྱི་གཙང་རབ་གསལ་དང་དགེ་སློང་གསུམ་དཔལ་ཆུ་བོ་རི་ལ་སྒོམ་པའི་དུས་ཨད་དན་ཅིག་པ་དང༌། ལྷ་ལུང་འཚག་པོ་དང་ཞ་ལྔ་འཁྱམས་པོ་བྱ་བ་བཙུན་གསུམ་གྱིས་ཁྲིད་ནས་རྔ་བརྡུངས། རོལ་མོ་དཀྲོལ། མགོ་ལ་བྱ་སྒྲོ་བཙུགས། ཤམ་ཐབས་སྔ་ལོག་ཕྱིར་ལོག་བྱས་ནས་རི་དྭགས་ལ་མདའ་འཕེན་པ་གཡོ་དགེ་འབྱུང་གིས་མཐོང་བས་དེ་ལ་མ་རངས་ནས་བན་རྒན་འཁྲུལ་ལམ། བཙུན་པ་སྨྱོ་གསུངས་པས། ཅི་ཟེར་དྲིས་པས་མཏོང་བ་བཞིན་དུ་སྨྲས་པས། རྔོན་པ་ན་རེ། སློབ་དཔོན་མ་འཁྲུལ་བཙུན་པ་དབང་མེད་སྨྱོ་རུ་བཅུག་པ་ཡིན་ཟེར་ནས། རྒྱལ་པོས་ཆོས་བསྣུབས་པའི་ལོ་རྒྱུས་ཞིབ་ཏུ་བཤད་པས། འོ་ན་དེ་འདིར་བོས་དང་ཟེར་ནས། དེ་པ་ལ་གཏམ་དྲིས་པས། ཁྱེད་ལ་བཀའ་ཆད་མ་ཕོག་པ་མཁར་རྗེ་ཆེ་ཟེར། ངེད་ཀྱིས་ཁྱེད་ལྟར་འོངས་པ་ཡིན། ད་ཁྱེད་རང་ཡང་འབྲོས་དགོས་ཟེར། བཙུན་པ་གསུམ་པོས་གོས་རེ་བས་དྲིལ་ནས་སྤྲང་ཆས་སུ་ཞུགས་ནས་བྲོས་ཏེ། ཆོས་འདུལ་བ་དྲེའུའི་ཁལ་གཅིག་བཀལ་ནས་མངའ་རིས་སྟོད་ནས་ལམ་བྱུང༌། རྒྱལ་ཁྲིམས་མི་གཅིག་པའི་ས་ཆ་ནས་བསྟན་པ་དར་བར་བྱ་བསམས་ནས། གང་དུ་ཡང་མ་ནུས་ནས། ཉིན་མོ་གབ་ཅིང་ནུབ་མོ་བྱོན། དགེ་བསྙེན་ཤེས་རབ་གོ་ཆ་བྱ་བ་གཅིག་ལ་མིང་ཤཱཀྱ་ཤེས་རབ་ཏུ་བཏགས། དེ་གཡོག་ལ་ཁྲིད་ནས་མདོ་སྨད་ལྷོ་ངོས་བེ་རེའི་ས་ཆ། དེའུ་ཚ་ཚོ་་་་ཚྭ་མཚོ་་་ནས་ལམ་བྱས། རྨ་ལུང་རྡོ་རྗེ་བྲག་ར་ཨ་ཆུང་གནམ་གྱི་ཡང་རྫོང་གཙུག་ལག་ཁང་རྒྱ་ཕིབས་ཡོད་པ་དང༌། དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས། ཕྱིས་དན་ཏིག་ཡང་དགོན་ལས་མཆེད་པའི་ལྷ་ཁང་རྒྱ་ཕིབས་ཁྱུང་མགོ་ཅན་བརྒྱ་ལྔ་བཅུ་རྩ་གཅིག་བྱུང་བ་མཆིས། སྔར་གྱི་བཙུན་ཆས་སུ་ཞུགས་པས། དེ་ན་ཡོད་པའི་མི་ཀུན་ན་རེ། ཨ་པ་ཕ། རྒྱལ་པོ་སྡིག་ཅན་གྱི་ཁྲིམས་ཀྱིས་མ་ཕོག་པའི་མི་ཡང་གདའ་ཟེར་བས། བྲེད་ནས་སྐྲག་སྟེ། ནགས་སུ་བྲོས་ཕྱིན་པས་འཚོ་བ་མེད་པར་སྙུང་སྟེ་བཞུགས་པ་ལ། དགེ་བསྙེན་མ་གཅིག་གིས་བགཏ་རེ་བཏེགས། ལ་ལ་ན་རེ། ཨ་མེ་་་མེས་་་ཆེན་པོའི་སྤྲུལ་པ་ཡིན་པས། བླ་མ་དང་མཁན་སློབ་མེད་ཟེར། སྡོམ་པའི་བཀའ་བོན་གྱི་ཡིན། དེའི་རྟགས་ཀྱང་བཞི་ཡོད་ཟེར། ལ་ལ་ན་རེ། བཀག་མི་མཆོག་གྲགས་པ་མཁན་པོ་ཡིན་ཟེར་བ་སྨྲ་མོད་ཀྱི། དེ་ལྟར་མ་ཡིན་སྐད་དོ། །དེའི་དུས་སུ་གྲོང་ཡུལ་དེའི་ཞང་ལྔ་མུན་ཛམ་པ་མཉ྄ཛུ་དཔལ་འབར་གྱི་བུ་མཉ྄ཛུ་ཀ་ར་ཕན་དང་ཟེར། ལུ་མཉ྄ཛུ་ཀ་ར་ཕན་དང་ཟེར། མཉ྄ཛུ་དགེ་འབར་བྱ་བ་དཀོན་མཆོག་གསུམ་མི་ཕྱེད་པའི་དད་པ་ཡོད་པ་ཤེས་རབ་ཆེ་བ། བརྩོན་འགྲུས་དང༌། ངོ་ཚ་དང༌། སྲུང་སེམས་ཆེ་བའི་བྱིས་པ་གཅིག་ར་འཚོ་བས་མཐོང་ནས། ཁྱེད་དེ་ན་ཅི་མཛད་ཅེས་དྲིས་པས་ངེད་གང་བྱུང་དུ་སྡོད་པ་ཡིན་གསུངས་པས། འོ་ན་ཁྱེད་ཟ་མའི་འཚོ་བ་ཅི་གསོལ་ཟེར་ནས། སྔ་དྲོ་གྲོ་མ་འདྲ་ཟ་ཟེར། འོ་ན་ངས་ང་བདག་ལ་ཟན་བླངས་ལ་འོང་ངམ་བྱས་པས་ངེད་འདི་ན་འདུག་པ་མི་ལ་མ་སྨྲ་གསུངས། དེ་ནས་ཟན་ལྷག་བྱིན་པས། ཟ་འཕྲོ་གྲིས་བཅས་ནས་བོར་དེ་ཇི་ལྟར་ལགས་བྱས་པས། འདུལ་བའི་ཆོས་ནས་མི་རུང་བར་བཤད་པས། ཁོ་དད་པ་སྐྱེས་ནས། ལྷ་ལུང་དཔལ་གྱི་རྡོ་རྗེ་བྱུང་བ་དྲན་ཏེ། ཁྱེད་འདྲ་བའི་མི་གཅིག་ཤེལ་གྱི་ཡང་དགོན་དུ་ཡང་བྱུང་ཟེར། དེ་ད་ལྟ་གང་ན་འདུག་དྲིས་པས་ར་རྫི་ན་རེ། ཁ་
༼ན་༽
ནིང་ཡང་ཁྱེད་འདྲ་བའི་མི་གསུམ་བྱུང་ནས། གར་སོང་ཆ་མེད་བྱས་པས།