R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
དེ་ཀུན་ལ་འདི་གཏོད་ཟེར་ནས་པོ་ཏི་གཅིག་བཞག་ནས་ཡོད། ཁོ་རང་གར་སོང་ཆ་མེད་ཟེར། དེར་དགེ་སློང་གསུམ་པོས་པོ་ཏི་སྤྱན་དྲོངས་ལ་ཤོག་བྱས་པས། ཁོས་ལེན་དུ་ཕྱིན་ནས་ཕྱག་ཏུ་གཟིགས་པས། མདོ་འོད་ལྡན་ཀརྨ་ཤ་དམ་གསུམ་འདུག འོད་ལྡན་གྱི་གླེང་བསླངས་བག་རེ་བྱས་པས། ར་རྫི་ན་རེ། ད་ང་ཡང་བཙུན་པ་བྱེད་པར་ཞུ་ཟེར། ཆོས་འདི་ནས་བྱུང་བ་བཞིན་བྱེད་ནུས་ན་བྱའོ། །འདི་ལྟོས་ཤིག་བྱས་པས་ཁོ་དད་པ་སྐྱེས་ནས་ཀློག་གིན་སྤྱི་བོར་བླངས་ཏེ་སོང་བས། བདག་སངས་རྒྱས་ཐམས་ཅད་ཀྱིས་རབ་ཏུ་བྔ་དུ་གསོལ་ཟེར། སང་ནངས་པར་འདི་ནས་བྱུང་པ་ལྟར་བྱེད་ན་རེ་དགའ་ཟེར་བས། དེར་གཡོ་དགེ་འབྱུུང་གིས་མཁན་པོ་བྱས། གཙང་རབ་གསལ་གྱིས་སློབ་དཔོན་བྱས་ནས་དགེ་ཚུལ་གྱི་སྡོམ་པ་ཕོག་པས། མིང་ཡང་མཁན་སློབ་ལས་དྲས་ཏེ་དགེ་བ་གསལ་དུ་བཏགས་ནས། ཆོས་འདུལ་བ་ལོ་ལྔ་གསན་ནོ། །ཁོ་ཤེས་རབ་ཆེ་བས་ཕྱིས་མངོན་པར་ཤེས་པ་མངའ་བས། བསྟན་པའི་རྩ་བར་གྱུར་པས། མིང་བླ་ཆེན་དགོངས་པ་གསལ་དུ་གྲགས་སོ། །དེ་ནས་ཁོང་ཀརྨ་ཤ་དམ་ལྟར་བྱུང་བས། འདི་དགེ་ཚུལ་གྱིས་ལྟར་མི་རུང༌། འདི་ལྟ་ན་བསྙེན་རྫོགས་བྱེད་དགོས་བྱས་པས། ང་དགེ་སློང་བྱེད་པར་ཞུ་ཟེར། དེ་ལ་ཡུུལ་དབུས་སུ་དགེ་སློང་བཅུ། མཐའ་འཁོབ་ཏུ་ལྔ་དགོས་ཏེ། འདི་ན་གསུམ་ལས་མེད་གསུངས་པས། ང་ཁ་ནིང་གི་ཆོས་ཁྱེར་ནས་བྱུུང་བ་དེ་འཚོལ་དུ་འགྲོ་ཟེར་ནས་དེ་བཙལ་པས། རྒྱ་དར་རྩེའི་ཚོང་འདུས་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་ལས་ཀྱི་ཁ་སྐོང་ཞུས་པས། ངས་མི་བཏུབ་སྟེ་བསྟན་པའི་དོན་དུ་རྒྱལ་པོ་སྡིག་ཅན་དེ་བསད་པས་སྡོམ་པ་མེད། འོན་ཀྱང་ང་ཡིས་གྲོགས་བྱའོ་ཟེར་ནས་སོང་བས། རྒྱ་ནག་ནས་ཧ་ཤང་དགེ་སློང་ཀེ་དབང་བྱ་བ་དང༌། གྱིམ་ཕག་བྱ་བའི་དགེ་སློང་གཅིག་དང་གཉིས་ཁྲིད་ནས་བྱུང་བ་དང༌། དད་པའི་དགེ་འདུན་གྱི་ཁ་སྐོང་མཛད་ནས། བོད་ཀྱི་དགེ་སློང་གསུམ་དང༌། དེར་ལྔ་པོས་སྡོམ་པ་ཕོག་ནས་དགེ་སློང་བྱས་སོ། །དམར་བན་ཤཱཀྱ་མུ་ནེས་གསང་སྟེའི་དགེ་འདུན་མཛད། དགེ་སློང་རབ་བྱུང་དྲུག་ཡོད་པ་ལ། དེ་ནས་ལོ་གཉིས་གསུམ་ནས་གྲུམ་འབར་བ་བྱང་ཆུབ་ཀྱིས་རབ་ཏུ་བྱུང་བ་ཞུས་པས། མཁན་པོ་བྱ་རྒྱུ་ནི། ངེད་རྒས་སྐྱོང་བ་མི་ནུས། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས་གླང་པོ་ཆེ་སྨྱོན་པའི་སྣ་ལ་རལ་གྲི་བཏགས་ནས་སེམས་ཅན་གསོད་དུ་བཅུག་པ་ནི་སླ་ཡི། རབ་ཏུ་བྱུང་ནས་དེ་མ་བསྐྱངས་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བཀའ་བསྩལ་གསུངས་པ། མཉཛུ་དགེ་འབྱུང་གིས། སྡོམ་པ་ཡང་ཁྱོད་ཀྱིས་ཕོག་གསུངས། དམ་པའི་ཅོས་འདུལ་བ་དང་སྦྱར་ན། ང་ཡིས་ལོ་ལྔ་ལས་མ་ལོན། མི་རུང་ཞེས་པས། མཁན་པོ་བྱེད་རཔ་གནང་བ་ལ་དགེ་སལྔ་བྱས་ནས་ལོ་བཅུ་ལོན་དགོས་པར་བཀའ་བསྩལ་བྱས་པས། ལོ་ལྔ་ལོན་ནས་མཁན་པོ་བྱས་པ་ལ་ཉེ་སཔ་གཅིག་ལས་མེད། སྟོན་པའི་བསྟན་པ་སྤེལ་བའི་ཆེད་དུ་ངེད་མཁན་སློབ་ལ་དྲི་མས་ཕོག་སྟེ། དེ་ཁྱད་དུ་སོད་ལ་མཁན་པོ་གྱིས་ཤིག ཕ་རོལ་པོ་ལ་སྡོམ་པ་སྐྱེ་ཡི་གསུངས་ནས། ངེད་ཀྱིས་གནང་ནས་ཉེས་པ་མེད་ཀྱི་གསུངས། ལུང་ལེགས་པར་བྱིན་ནས་མཁན་པོ་བྱས། མིང་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་དུ་བཏགས། དེས་ཁམས་པ་མི་དྲུག་རབ་ཏུ་བྱུང་བ་ཡིན་ནོ། །མིང་ནི་སྤ་གོང་ཡེ་སེས་གཡུང་དྲུང་འབར། རིན་ཆེན་གསལ་གཉིས་བཙུན་པ་རེ་བྱུང༌། ཕྱིས་མཁན་པོ་ཡང་བྱས། ཇ་ཡེ་ཤེས་སེང་གེ་དང༌། ལྕེ་ཤེས་རབ་བྱང་ཆུབ་གནིས་ནི་མཁས་བཙུན་ལྡན་པ་ཡིན། དེ་གཉིས་ཀྱིས་ཟི་ན་རིན་ཆེན་དང༌། གཙང་དགེ་བའི་ཤེས་རབ་གཉིས་རབ་ཏུ་བྱུང་ངོ༌། །དེ་གཉིས་ཀྱིས་མཁས་པ་དྲུག་ཤེས་རབ་གྲགས་ཏབ་ཏུ་བྱུང་ངོ༌། །དེས་མཐའ་བཞི་རྒྱལ་འཕགས་རབ་ཏུ་བྱུང་ངོ༌། །དེ་ནས་འལ་པ་རྡོ་རྗེ་དབང་ཕྱུག་དང༌། སྣུབས་ཕག་ཤིང་རྟ་ཆེན་པོ་གཉིས་རབ་ཏུ་བྱུང༌། སློབ་གཉེར་ཚུལ་བཞིན་མཛད། སྣུབས་ཕག་སིང་རྟའི་རྒྱུད་པ་ལ་མཁས་རྒྱུད་ཟེར། གྲུམ་ཤིང་རླག་་་་ལག་་་ཅན་གྱི་རྒཡ྄ད་པ་ལ་བཙུན་རྒྱུད་ཟེར་ཏེ་ཡོངས་གྲགས་སོ། །སྡེ་པ་ནི་མང་དུ་འཕེལ་ལོ། མཆེད་པོ་གཉིས་འཚོགས་ནས་ལྷན་ཅིག་ཏུ་ཆོས་ཀྱི་བཀའ་བགྲོ་བ་མཛད་དུས་ལན་གཅིག་ཙ་ན། འབྲེལ་་་་་་འབེལ་་་་་གཏམ་བྱས་པས་གྲུམ་ཤིང་རླག་་་་ལག་་་་ཅན་གྱི་ཞལ་ནས། ད་གཟིམས་པར་བགྱི།