R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
ཀ་ཅོག་གི་སློབ་མ་སྦས་རྒྱལ་བའི་ཡེ་ཤེས། གྲུ་མཆོག་གི་ཡེ་ཤེས། སེ་བཙུན་གཞོན་ནུ། དྷར་མི་ཡོན་ཏན་གཡུང་དྲུང༌། ཁུ་སྟོན་ཤེས་རབ་བརྩོན་འགྲུས་ལྷ་སྡིངས་པ་ཡིན་ནོ། །ར་ཁྲི་བཟང་འབར་དང༌། རྒྱ་རྒྱལ་བུ་ཚུལ་ལ། དེ་གཉིས་ཀྱིས་རོང་ངུར་སྨྲིག་པ་བྲང་ཏི་དར་མ་སྙིང་པོ་དང༌། ཡེ་འབྱུང་གཉིས། དེས་བྷན་རོག་ལ་བཤད་དེ། ལུགས་གཉིས་སུ་གྲགས་སོ། །མངོན་པའི་མེ་རོ་བསླངས་ལུགས་སོ། །དེ་ནས་དེའི་སྐབས་གཅིག་ཏུ། ཆོས་འཁོར་གྱང་གི་མཁན་པོ་ཤཱཀྱ་གཞོན་ནུ་དང༌། སློབ་དཔོན་སེ་ཇོ་སྲས་ཡེ་ཤེས་བརྩོན་འགྲུས་ཀྱི་སློབ་མ་འབྲོག་མི་ཤཱཀྱ་ཡེ་ཤེས་དང༌། སྟག་ལོ་གཞོན་ནུ་བརྩོན་འགྲུས་དང༌། ལིང་ཤཱཀྱ་བརྩོན་འགྲུས་དང་གསུམ་བཅད་་་་དཔྱད་་་པ་ཆེ་བས། མཁན་སློབ་ཀྱིས་གསེར་མང་པོ་བརྫངས་ནས། བསྟན་པའི་རྩ་བ་འདུལ་བ་ཡིན། བསྟན་པའི་སྙིང་པོ་ཕར་ཕྱིན་ཡིན། བསྟན་པའི་ཉིང་ཁུ་གསང་སྔགས་ཡིན་པས་སློབས་ལ་ཤོག་གསུངས་ནས་བལ་ཡུལ་དུ་ཕྱིན། འབྲོག་མིས་བལ་པོ་ཧང་དུ་དཀར་པོ་ཤན་ཏ་བྷ་དྲ་བྱ་བ་དང༌། ཕམ་ཐིང་བ་ལ་འཇུག་སོ་ཞུས། རྒྱ་གར་དུ་སོང༌། ངའི་བླ་མ་མཁས་པ་ཉན་ཏི་པ་ཅན་རྒྱུགས་གསུངས། སྟག་འབྲོག་གཉིས་པོ་བསྡོངས་ལ་ཟུར་དུ་སོང༌། རྡོ་རྗེ་གདན་དུ་ཕྱིན་པས་སྟག་ལོ་དད་པ་སྐྱེས་སྐོར་བ་འབའ་ཞིག་བྱེད། དེའི་དུས་སུ་མ་ཧ་དྷའི་མཁས་པ་སྒོ་དྲུག་བྱ་བ་ཡོད། ཤར་གྱི་སྒོ་སྲུང་རཏ྄ན་ཨ་ཀ་ཤན་ཏི་པ། དེ་ལ་ཚད་མ་ལ་གཙོར་འདྲི་བ་མང༌། ལྷོ་སྒོ་ན་ངག་གི་དབང་ཕྱུག་གྲགས་པ་བྱ་བ། སྒྲོལ་མ་ལ་ཆོས་གསན་པ་དེ་ལ་ཁྱད་པར་དུ་སྒྲ་ཚད་སྔགས་དང་ལུང་ལ་སོགས་པ་འདྲི་བ་མང༌། ནུབ་སྒོ་ན་ཤེས་རབ་འབྱུང་གནས་བློ་གྲོས་སྦས་པ་ལ། ཁྱད་པར་དུ་མུ་སྟེགས་ཀྱི་གྲུབ་མཐའ་ལ་གཙོ་བོར་འདྲི། བྱང་སྒོ་ན་ཇོ་བོ་ན་རོ་པ་ལ་ཐེག་པ་ཆེན་པོ་ལ་ལུང་ནོད་པ་དང་འདྲི་བ་མང༌། དབུས་ཀ་ཆེན་གཉིས་ནི་རྣ་ཆེན་རྡོ་རྗེ་དང༌། ཛྙཱ་ན་ཤྲཱི་མི་ཏྲ་གཉིས་ཡིན་ཏེ། ཀ་ཆེན་གཉིས་ཟེར་ཡང༌། གཞན་བས་ཡོན་ཏན་ནི་ཆེ་རྒྱུ་མེད་ཟེར། འབྲོག་མི་ཐམས་ཅད་མཁྱེན་པ་ཤན་ཏི་པའི་དྲུང་དུ་སྦྱངས་པ་ཆེར་བྱས། སྒྲ་ཐང་ལོག་་་ཐད་ཀློག་་་ལ་ཤིན་ཏུ་མཁས་པར་གྱུར་ཏོ། །རྒྱ་གར་ཤར་ཕྱོགས་ཀྱི་དགེ་སློང་དཔའ་བོ་སྡེ་ལ་སོགས་གྲུབ་ཐོབ་འགའ་བསྟེན། བོད་དུ་བྱོན་ནས་མཁན་སློབ་དང་མཇལ། ལོ་རྒྱུས་བརྗོད་པས་མཁན་སློབ་ན་རེ། འབྲོག་མི་ལ་མཁས་པ་ཆེན་པོ་བྱུང་འདུག་པས། སྟག་ལོ་ཙཱ་བ་ཁྱེད་ཤེར་སྙིང་རྒྱ་གར་ཀློག་ལས་མི་ཤེས་པ་ཅི་ཡིན་གསུངས། འབྲོག་མི་ཁོ་ཀ་བ་ལི་ཁྱེར་ཀྱིན་དེ་ཤེད་དུ་ཕག་ཏུ་འགྲོ་ཡིན་འདུག སྟག་ལོ་ན་རེ། ངས་མ་ཧཱ་བྷོ་དྷི་མཐོང་བས་དད་པས་སྐོར་བ་བྱས་གསོལ་བ་བཏབ་ནས་ཐ་སྙད་མ་བསླབས་ཟེར། སྐུ་བཙུན་པ་དང་བསམ་པ་བཟང་བས། ཕྱིས་མཁན་སློབ་ཀྱི་གདན་ས་བྱས། དགེ་འདུན་གྱི་སྡེ་ཆེན་པོ་འཕེལ་སྟག་ཚོ་ཞེས་གཅུང་དུ་ཨེའི་ལྷ་ཁང་ཆེན་པོ་བཞེངས་ཏེ། པཎྜི་ཏ་གྷ་ཡ་དྷ་ར་བྱོན་ནས། གསེར་སྲང་བཅུ་བདུན་ཕུལ་ཏེ། ཀྱཻ་རྡོ་རྗེ་རྒྱུད་གསུམ་ཞུས་ནས། མ་རྒྱུད་བཅུ་བཞི་དང༌། ར་ལིའི་རྒྱུད་ཉི་ཤུ་རྩ་བཞི་དང༌། རྒྱུད་སྒྲུབ་ཐབས་འགའ་དང༌། ལོ་པཎ་གཉིས་ཀྱིས་བསྒྱུར་གྲུབ་པ་དང༌། གདམས་ངག་གི་ངོ་ཡང་འགའ་རེ་གསུངས་ནས་ཞུ་བ་འདམ་ཁ་བྱ་གསུངས། ལོ་རེ་ལ་གསེར་སྲང་བརྒྱ་བརྒྱ་འདོད། དེ་སྟཻར་ན་བྱ་གསུངས་པ་ཁས་བླངས། ལོ་གསུམ་བཞུགསྲ་གདམས་པ་ལམ་སྐོར་རྫོགས་པར་གནང༌། གསེར་ཕུལ་བས་མཉེས་ཏེ། རྒྱ་གར་དུ་གཤེགས་སོ། །དེ་ནས་ཨ་ཙ་ར་དམར་པོ་བྱོན། གསང་སྔགས་ཕོ་ཉ་མྱུར་བའི་ལམ་ཞུས་ནས་བསྒྱུར་ཏེ་གསེར་མང་ཚད་ཕུལ་ལོ། །དེའི་རྗེས་ལ་འགོས་ཁུག་པ་ལྷ་བཙས་ཀྱིས། འབྲོག་མིའི་དྲུང་དུ་སློབ་གཉེར་ལ་ཕྱིན་པས། སྣོད་རྟོག་བྱས་པས་མ་མགུ། ང་རང་གི་ཕྱག་རྟེན་ཐོངས་ཟེར་ནས་རྒྱ་གར་དུ་སོང༌། པཎྜི་ཏ་གྲུབ་པ་བརྙེས་པའི་རྣལ་འབྱོར་པ་བདུན་ཅུ་དང་མཇལ། སྦྱངས་པ་ཆེར་མཛད། མཐར་བླ་མ་འགོས་དང༌། ཤངས་པ་ར་བོ་ཆེ་གཉིས་ཀྱིས། སྒྲ་གཅན་འཛིན་བཟང་པོ་དང༌། ནག་པོ་ཞབས་དང༌། རྒྱ་གར་མངོན་ཤེས་ཅན་དང༌། ཟ་ཧོར་བཙུན་མོ་ཅན་རྣམས་ལ་རྒྱུད་དང་སྒྲུབ་ཐབས་མན་ངག་རྣམས་ཞུས། དེ་ནས་བོད་དུ་བྱོན། གསེར་མང་པོ་བཙལ་ནས་རྒྱ་གར་དུ་བྱོན།