R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།བསྐོས་པའི་རྒྱལ་པོ་སྡེ་བཞི་ནི། །རྒྱ་གར་ཆོས་ཀྱི་རྒྱལ་པོར་གཅིག །རྒྱ་ནག་གཙུག་ལག་རྒྱལ་པོར་གཉིས། །སྟག་གཟིག་ནོར་གྱི་རྒྱལ་པོར་གསུམ། །གེ་སར་དམག་གི་རྒྱལ་པོར་བཞི། །དེ་བཞིའི་མིང་དང་བསྐོས་ལུགས་དང༌། །སྟོན་པ་གང་གིས་བྱས་པ་དང༌། །ཆོས་ལུགས་ལས་སྤྱོད་ཟས་ནོར་གོས། །སྒྲ་རྣམས་མི་མཐུན་སོ་སོར་ཡོད། བསྐོས་པལའི་རྒྱལ་པོ་ཕྱོགས་བཞི་པོ། །རྒྱ་གར་ཆོས་ཀྱི་རྒྱལ་པོར་བསྐོ་བ་ནི། །བྱིན་རླབས་བུམ་པ་གླང་པོའི་སྣ་ལ་བཞག །དེ་ཡིས་སུ་ལ་དབང་བསྐུར་དེ་ལ་བསྐོ། །རྒྱ་ནག་གཙུག་ལག་རྒྱལ་པོར་བསྐོ་བ་ནི། །ཤེལ་གྱི་སྐས་བཙུགས་སུ་ཐར་དེ་ལ་བསྐོ། །གེ་སར་དམག་གི་རྒྱལ་པོར་བསྐོ་བ་ནི། །ཕྱོགས་བཞིར་དཔག་ཆེན་བཞི་ཡིས་མདའ་འཕངས་པས། །མདའ་བཞི་དུས་གཅིག་སུས་ཟིན་དེ་ལ་བསྐོ། །སྟག་གཟིག་ནོར་གྱི་རྒྱལ་པོར་བསྐོ་བ་ནི། །རིན་ཆེན་གླིང་ནས་ནོར་བུ་སུས་ལོན་དེ་ལ་བསྐོ། །རྒྱ་གར་རྒྱལ་པོ་སྔོན་སྦྱངས་ལས་འཕྲོ་ཅན། །སངས་རྒྱས་ཆོས་ཀྱི་སྣོད་དུ་རུང་བས་ན། །རྒྱལ་བ་ཤཱཀྱ་ཏུབ་པས་སྟོན་པ་མཛད། །རྒྱ་ནག་གཙུག་ལག་དཔྱད་ཀྱིས་འདུལ་གཟིགས་ནས། །མཁྱེན་རབ་བདག་པོ་འཕགས་པ་འཇམ་དཔལ་གྱིས། །གབ་རྩེ་སུམ་བརྒྱ་དྲུག་ཅུའི་སྟོན་པ་མཛད། །གེ་སར་དམག་གི་རྒྱལ་པོས་འདུལ་གཟིགས་ནས། །འཕགས་པ་ནོར་འཛིན་སྐུ་སྤྲུལ་སྟོན་པ་མཛད། །རྒྱ་གར་ཆོས་ཀྱི་རྒྱལ་པོས་མ་རིག་མུན་པ་སེལ། །རྒྱ་ནག་གཙུག་ལག་རྒྱལ་པོས་ལེགས་ཉེས་མེ་ལོང་སྟོན། །སྟག་གཟིག་ནོར་གྱི་རྒྱལ་པོས་དབུལ་བའི་སྡུག་བསྔལ་སེལ། །གེ་སར་དམག་གི་རྒྱལ་པོས་ཕྱིའི་དགྲ་དཔུང་འཇོམས། །གློ་བུར་བོད་ཀྱི་རྒྱལ་པོ་ཡིན། །སྤྱིར་ན་བོད་ཀྱི་རྒྱལ་ཁམས་ན། །དབང་བྱེད་རིག་རིམ་པ་བཅུ་གཉིས་ཀྱིས། །ཐ་མ་རྒྱལ་ཕྲན་བཅུ་གཉིས་ཀྱིས། །སིལ་མ་བཞི་བཅུ་རྩ་གཉིས་དང༌། །རྒྱལ་ཕྲན་དྲུག་ཅུ་རྩ་བཞི་སོགས། །དབྱེ་བ་མང་དུ་ཡོད་གྱུར་ཀྱང༌། །བཀའ་དྲིན་ཅན་གྱི་རྒྱལ་པོ་མེད། །གློ་བུར་སྤུར་རྒྱལ་བཙད་པོ་ཡིན། །མདོར་བསྡུས་ཀྱང་ས་ནས་ཅུང་ཟད་བསྟན། །འདི་ལ་སྤྱད་ལུགས་རྣམ་པ་གསུམ། །བོན་པོའི་ཡི་གེ་ལྷ་དགེ་ཅན། །གནམ་ནས་བབས་ཞེས་བསྒྲགས་པའི་ལུགས། །རྗེ་ཉིད་གསུངས་པ་ཕྱག་རྒྱ་ཅན། །རྒྱ་གར་རྒྱལ་ཕྲན་རྒྱུད་པར་འདོད། །དེ་ནས་གླེང་པའི་ཞིབ་རྩིང་གསུམ། །རྐང་་་རྐྱང་་་་པ་གཅིག་རྒྱུད་རྩི་བ་ཡིན། །དེ་མིང་ཟ་གཞུག་རྒན་རབས་ཅན། །ཁུག་པ་ཡུམ་སྒམ་སྨོས་པ་ལ། །འདབ་མ་དགུ་རྩེག་ཅན་ཞེས་བྱ། །ཡུན་པོ་རྒྱས་བཤད་ཡིན་པལ། །ཟིང་པོ་སྣ་ཚོགས་ཅན་དུ་གྲགས། །དེ་ལ་རྐྱང་པ་བརྩིས་པ་ལ། །རྗེ་རྒྱལ་གཉའ་ཁྲི་བཙན་པོའི་སྲས་མུ་ཁྲི་བཙན་པོ། །དེའི་སྲས་དིང་ཁྲི་བཙན་པོ། །དེའི་སྲས་སོ་ཁྲི་བཙན་པོ། །དེའི་སྲས་ཁྲི་ཡེ་བཙན་པོ་བྱ་བ་ཡིན། །དེའི་སྲས་ཁྲི་ཡེར་བྱ་བ་ཡིན། །དེ་ལ་གྲིམ་གུམ་བཙན་པོ་འཁྲུངས། །དེ་ཚོ་གནམ་གྱི་ཁྲི་བདུན་ཡིན། །གྲི་གུམ་བཙན་པོའི་སྲས་གསུམ་ལ། །ཆེ་དག་གཉའ་་ཤ་་་་་ཁྲི་ཉང་པོ་སྤྱུགས། །ཉང་རྒྱལ་ཐམས་ཅད་དེ་ནས་གྱེས། །འབྲིང་པོ་ཉ་་་་་བྱ་་་་་ཁྲི་སྤུ་བོར་སྤྱུགས། །ཁ་ཅིག་འདི་ལ་སྟོད་བཏང་་་་་་སྟེང་་་་་ཟེར། །གདུང་ལ་རུ་ལས་སྐྱེས་ཀྱིས་དེ་སྤྱན་དྲངས། །སྤུ་ལྡེ་གུང་རྒྱལ་བྱ་བར་གྲགས། །སྤུ་རྒྱལ་བཙན་པོར་དེ་ནས་གྲགས། །དེའི་རྒྱལ་སྲས་ཤོ་ལེགས་དང༌། །དེ་ཤོ་ལེགས་དང་ཕུ་རུ་ལེགས། །འབྲིང་ཤར་ལེགས་ཤེས་བྱ་བ་དང༌། །ཨི་ཤོ་རྣོ་ལེགས་ཨི་ཤོ་ལེགས། །དེ་རྣམས་རིམ་བཞིན་ཆིག་རྒྱུད་ཡིན། །དེ་ལ་ལེགས་དྲུག་དེ་ལྟར་ཟེར། །ཨི་ཤོ་ལེགས་ཀྱི་རྒྱལ་སྲས་ལ། །གཟའ་ནམ་ཟིན་ཏེ་བྱ་བ་ཡིན། །དེའི་སྲས་ལྡེ་འཕྲུལ་པོ་དང༌། །དེའི་སྲས་ལྡེ་སྣོལ་ནམ། དེའི་རྒྱལ་སྲས་ལྡེ་རྒྱལ་ཏེ། །དེ་དག་སྡེ་བཞི་རྒྱལ་པོ་ཟེར། །དགུ་རྩེག་ཅན་ན་ལྡེ་བརྒྱད་ཟེར། །ལྡེ་བརྒྱད་པོའི་སྲས་ནི། །ཏོ་རེ་ལོང་བཙན་བྱ་བ་ཡིན། །དེའི་སྲས་ཁྲི་བཙན་རྣམ་ནལ་ཡིན། །དེའི་སྲས་ཁྲི་བཙན་རྒྱལ་དཔུང་བཙན། །དེའི་སྲས་ཐོག་རྗེ་ཐོག་བཙན་ཡིན། །དེའི་སྲས་ཐོ་ཐོ་གཉན་བཙན་ཡིན། །དེ་ལྔ་བཙན་ལྔ་དག་ཏུ་བཤད། །ཐོ་ཐོ་གཉན་ཞལ་རྒྱལ་སྲས་ནི། །འདུས་ནས་ཟླ་བོ་བཙན་དེའི་སྲས། །འབྲོང་གཉེན་ལྡེའུ་བྱ་བ་ཡིན། །དེའི་སྲས་སྟག་གུ་གཉན་གཟིགས་ཡིན།