R1210: དཔལ་ལྡན་བིར་ཝ་པའི་རྣམ་པར་ཐར་པ་བཞུགསོ༎

  • Pagination (Witness A): 3b
[A:3b]མཚོན་དུམ་བུར་ཆག། གཤེད་མ་ལ་ཟུག་ཆེན་པོ་རང་བྱུང་ནས་ཅི་ཡང་མ་ཐུབ་པོ༎ ད་དུང་རྒྱལ་པོ་ཡིད་མ་ཆེས་སོ་ཏེ༔ མེ་ཆེན་པོ་སྦོར་ལ་བསྲེགས་ཟེར། བཀའ་བཞིན༔ མེའི་དཀྱིལ་འཁོར་དུ་བསྐྱུར་བས༔ པ་སྤུ་ཙམ་ཡང་ཚིག་མ་ནུས་ཏེ༔ དཔེར་ན༔ པདྨའི་སྟེང་གི་ཟིལ་པ་བཞིན་འདུག་གོ། དེ་ནས་ཡང་ཡིད་མ་ཆེས་པར་རེག་པའི་དུག་དང༔ སྦྱར་དུག་དང༔ མང་པོ་སྟབས་སུ་སྦྱར་ནས༔ དངུལ་སྐྱོགས་གང་གྲངས་པས༔ ཨ་ལ་ལ་བདུད་རྩི་ཞིམ་གསུང་ནས༔ དངུལ་སྐྱོགས་གསུམ་གསོལ་ལོ༎ ད་དེ་ཡོལ་བས་ཆོད་ལ་གང་དུ་ཡང་མ་བཏང་ཟེར༎ དེ་ནས་པང་དེ༔ རྒྱལ་པོས་རྣལ་འབྱོར་པ་ཤི་མ་ཤི་ལྟས་པས༔ རྣོར་པ་དེ་གཟིམས་མདངས་དང་ལྡན་པར༔ ཏིང་ངེ་འཛིན་ལ་གནས་ནས། ཤིང་ཏ་ལ་༡་ཙམ་བར་སྣང་ལ་འཕགས་འདུག་པ་མཐོང་ནས༔ རྒྱལ་པོ་བྲེད་ཅིང་སྙིང་འདར་ཏེ༔ གྲུབ་པ་ཐོབ་པར་ཐག་ཆོད་འདུག༔ ཁོང་གིས་བདེན་པ་བརྗོད་ན༔ ང་ནི་སྐད་༡་ཙམ་ལ་བརླག་འགྲོ༔ དེ་བས་བཟོད་པ་འབུལ་བསམ་ནས༔ གསེར་སྐྱོགས་དང༔ དངུལ་སྐྱོགས༔ གསེར་སྡེར་དང༔ དངུལ་སྡེར༔ ཆུ་འཐུང་པའི་དངུལ་བུཾ་༡༔ དངུལ་གྱི་དོང་རྩེ་མི་གུར་༡༔ རི་མོ་སྣ་ཚོགས་ཡོད་པའི་གསེར་གྱི་གོས་༡༔ རིན་པོ་ཆེའི་ཁྲི་༡་རྣམས་ཕུལ་ནས༔ བདག་གིས་རྒོལ་བ་ཞུས་པ་རྣམས༔ རྣལ་འབྱོར་གྱི་དབང་ཕྱུག་ཁྱེད་རྣམས་བཟོད་པའི་རང་བཞིན་ལགས་པས༔ བཟོད་པ་མཛད་ནས༔ བདག་eds: portion erasedརྗེས་
སུ
་འཛིན་པར་ཞུ་ཅེས་ཞུས་པ་[B:537]