R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 136
[A:136] གྱུར་ཅིག །། ཐུགས་བསླུ་མེད་ཀྱི་འབྲས་བུ་ནི། འགྲོ་བའི་མགོན་པོ་ཉིད་ཀྱི་ཞལ་བཞེས་བཀའ་རྩལ་པ། ད་ལྟ་ངའི་སྐྱབས་འོག་ཏུ་ཚུད་ཚད་རྒྱལ་ཁྲིམས་ཁོང་དུ་ཚུད་ཚད་ཀྱི་སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་སུ་དཔལ་རྣམ་པར་སྣང་མཛད་དུ་མངོན་པར་སངས་རྒྱས་པའི་ཚེ། དེའི་དུས་སུ་སེམས་ཅན་ཐམས་ཅད་ས་བཅུའི་བྱང་ཆུབ་སེམས་པར་གྱུར་ཏེ། ད་ལྟ་ངས་འཇིགས་པ་དང་དགྲ་ལས་སྐྱབས་པའི་ལས་འབྲེལ་འདིས། དེའི་དུས་སུ་བྱང་ཆུབ་དེ་རྣམས་ཀྱིས་ཤེས་བྱའི་སྒྲིབ་པ། འཁོར་གསུམ་དུ་རྟོག་པའི་དགྲ་ངས་བཅོམ་ནས། ཐམས་ཅད་དེར་སངས་རྒྱ་བ་ཡིན་ནོ། ཞེས་གསུང་པ་དེ་ཁོ་ན་བཞིན་དུ་འགྲུབ་པར་གྱུར་ཅིག །། སྐལ་བ་དམན་པ་བདག་འདྲའང་ཁྱོད་ཀྱི་ཐུགས་རྗེའི་མཐུས། དལ་འབྱོར་རྙེད་ཅིང་དྲིན་ཆེན་པོས་བསྐྱངས། བཅུ་བཞི་པ་ནས་བཞི་བཅུ་རྩ་གཅིག་འདྲ་བར། ལུས་ངག་ཡིད་གསུམ་དགེ་ལ་ཕུལ། བྱ་བཏང་རྩེ་གཅིག་དམ་ཆོས་སྒྲུབ་འདོད་ཀྱང་། བཀའ་ལས་འགལ་བར་མ་ནུས་ཕྲིན་ལས་བསྒྲུབས། ད་ནི་ཁྱོད་ཀྱི་སྐུ་བཞའི་རྟེན་གྲུབ་ནས། ཉམས་ཆུང་བདག་གི་ཚེ་འདིའི་བྱ་བ་རྫོགས། འདི་ཕྱི་བར་གསུམ་ཕྲལ་ཕུགས་ཐམས་ཅད་དུ། མཐོར་གཏོང་སྨར་གཏོང་ལེགས་ཉེས་ཁྱེད་རང་མཁྱེན། རིགས་དྲུག་གར་སྐྱེས་སྤྱོད་ཚུལ་ཅི་འདྲ་ཡང་། བསླུ་མེད་ཐུགས་རྗེས་བྱིན་བརླབས་འབྲལ་མེད་སྐྱོབས། གམ་གའི་ཇི་སྙེད་འཁོར་འཁོར་བ་ལུས་བླངས་ཀྱང་། སྐྱོབ་པ་ཁྱེད་འདྲའི་ཡབ་མཆོག་རྙེད་པར་དཀའ། བསྐལ་བ་བྱེ་བར་འཕངས་པའི་སྲོག་ཞལ་ཡང་། ཁྱོད་ཀྱི་སྐུ་དྲིན་ཆ་ཙམ་ཁོར་མ་མཆིས། བྱང་ཆུབ་བར་དུ་སྐྱེས་པ་ཐམས་ཅད་དུ། ཐུགས་ཀྱི་སྲས་སུ་བདག་གྱུར་སྒོ་གསུམ་དང་། ལོངས་སྤྱོད་ཀུན་གྱིས་མཆོད་ཅིང་། མི་ཉེས་ཀུན་སྤངས་མཉེས་པ་ཀུན་སྒྲུབ་ཤོག །། ལམ་ཟབ་མོས་