R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 60
[A:60]སྒྲུབ་ཐབས། གཞུང་ཆུང་བཅུ། དོ་ཧ་བསྐོར་གསུམ་འབྲེལ་འཇུག་དང་བཅས་པ། བླ་མ་ལྔ་བཅུ་པ། རྩ་ལྷུང་རྒྱ་ཆེ་འགྲེལ། མཆེད་གྲོགས་ཀྱི་དམ་ཚིག་སྦྱང་ཐབས། ངག་དབང་གྲགས་པ་ཕྱག་རྒྱ་ཆེན་པོ་འཆི་ཐུབ་ལ་སོགས་རྣམས་ཐོབ། རྗེ་བཙུན་གྱི་རྒྱལ་པོ་རིན་མོ་ཆེ་ལ་དབང་བསྐུར་ཞུས་པ་རྣམས་ཀྱི་ཕྱི་མ། སྦྲུལ་ལོ་ལ་བདག་མེད་ལ་ལྷ་མོ་ལྷ་བཅོ་ལྔའི་དབང་བསྐུར་ཞུ་བའི་དུས་སུ། བླ་མ་ལ་བདག་འཇུག་མཛད་པའི་ཚེ། དྲུང་རིན་པོ་ཆེ་པ་ལ་ཡེ་ཤེས་རང་འབར་དུ་བྱོན། དེའི་རྒྱུན་ཅི་ལགས་ཞུས་ཙམ་ན། དེའི་སྐབས་སུ་རྡུལ་ཚོན་གྱི་དཀྱི་ལ་འཁོར་དེ་བློ་བུར་དུ་འོད་ཆེན་པོ་འབར་ནས་བྱུང་བས་དེས་ལན་པ་ཡིན་གསུང་། དོན་ལ་དེའི་སྐབས་སུ་སྤྲུལ་པའི་དཀྱིལ་འཁོར་ཞལ་གཟིགས་པ་ཡིན་ཚོད་དུ་འདུག །། སྐབས་དེར་འདུས་པ་ཐམས་ཅདའང་བྱིན་བརླབས་བསམ་གྱི་མི་ཁྱབ་པ་བྱུང་། དེ་རྟིང་ལ་སྤྲེལ་ཞིང་གདན་ས་བས་སྔར་རྗེ་བཙུན་གྱི་རྒྱལ་པོ་རིན་པོ་ཆེ་མདོ་ཁམས་སུ་བྱོན་དུས། རྗེ་མར་པ་ལྷོ་བྲག་པའི་སྤྲུལ་པ་ཡིན་པའི་གྲགས་པ་བྱུང་བའི་ལོ་རྒྱུས་ཞུས་པའི་དུས། སྔར་གྱི་དེ་ལྟ་བུའི་བློ་འཁུལ་གཅིག་བྱུང་གསུངས། ཡོན་ཏན་དུ་མའི་མངའ་བདག་དམ་པར་གྱུར་པ། དཔལ་ལྡན་བླ་མ་དགའ་ལྡན་ལ་ཀུན་དགའ་བསོད་ནམས་རྣམས་ལ། རྡོ་རྗེ་དྲིལ་བུ་པའི་ལུགས་ཀྱི་བདེ་མཆོག་ལུས་དཀྱིལ་གྱི་དབང་དང་རྒྱ་གཞུང་གསུམ། ནག་པོ་སའི་ལུགས་ཀྱི་བདེ་མཆོག་དྲུག་